[A:༡༣]པས་ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་འབུམ་པའི་བསྡུས་དོན་སླར་བཟླས་པའི་ཚུལ་དུ་གསུངས་པ། བརྟག་པ་གཉིས་པ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། སོགས་ནས། དེ་ཡི་རྗེས་སུ་དབུ་མ་བསྟན། ཞེས་དང་། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། དེ་རྗེས་ཀྱི་ཡི་རྡ་རྗེ་བསྟན། ཞེས་མདོ་སྡེ་དང་། རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེ་ངེས་དོན་མཐར་ཐུག་རྩ་བཤད་ཀྱི་རྒྱུད་ཀྱི་དགོངས་དོན་རང་སྟོབས་ཀྱིས་བཀྲལ་བའི་ཤིང་རྟ་ཆེན་པོ་ནི། རྡོ་རྗེ་བདག་མེད་མས་དངོས་སུ་རྗེས་སུ་བཟུང་བས་ས་དྲུག་གི་རྟོགས་པ་མངོན་དུ་གྱུར་བ་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་བིརཝ་པ་ཆེན་པོ་ཡིན་ཏེ། གྲུབ་ཆེན་བརྒྱད་བཅུའི་བསྟོད་པར། ཆུ་བོ་ཆེན་པོ་གྱེན་དུ་ལྡོག །ཆང་ལ་ཉི་མ་གཏིང་པར་བཅུག།།བིརཝ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་ཡུལ་དེ་ནི། བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ཉི་ཤུ་ཙམ་ནས་བྱོན། དེ་ཡང་རྒྱལ་རིགས་ཤིང་ས་ལྟ་བུ་ལས་འཁྲུངས་ཤིང་། རྒྱལ་