R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༤༥
[A:༤༥]པ་ཆོས་སེང་དང་ཉང་བྲན་ཆོས་སེང་སོགས་ཀྱིས་ས་ཆེན་ཡབ་སྲས་ལས་ཟབ་དོན་གྱི་སྨིན་གྲོལ་གསན། བཀའ་བརྒྱུད་སྟོང་གི་ཆུ་འགོ་འགྲོ་མགོན་ཕག་གྲུས་ས་ཆེན་ལོ་བཅུ་གཉིས་བསྟེན་ཏེ་ཟབ་རྒྱས་ཀྱི་གདམས་པ་གསན། ལམ་འབྲས་ཀྱི་གཞུང་བཤད་བཤད་མཛོད་མར་གྲགས་པ་མཛད། ཀརྨ་པ་དུས་གསུམ་མཁྱེན་པས་ས་ཆེན་གྱི་དངོས་སློབ་དཔལ་རྒ་ལོ་དང་། ཨ་སེང་སོགས་ལས་ལམ་འབྲས་གསན། ཤང་པ་བཀའ་བརྒྱུད་རྨོག་ལྕོག་པ་དང་། གཉན་སྟོན་སྦས་པའི་རྣལ་འབྱོར་གྱིས་ཨ་སེང་དང་། རྗེ་བཙུན་གྲགས་པ་མཉེས་པ་གསུམ་གྱིས་ཡུན་རིང་བསྟེན། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ནས་ཏི་ཤཱི་ཀུན་བློ་དང་། བླ་མ་དམ་པ་སོགས་ལས་ས་སྐྱའི་སྔགས་དང་མཚན་ཉིད་ཀྱི་སྐོར་ཕལ་ཆེར་གསན། ཇོ་ནང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི་ས་པཎ་གྱི་གསུང་ལས་སྐྱེས་པའི་སློབ་མ་ཡིན། དོལ་པོ་ཤེས་རབ་རྒྱལ་མཚན་ནི་ས་སྐྱར་མཚན་ཉིད་ཀྱི་ཕྱོགས་ལ་སྦྱངས་བརྩོན་མཛད། འགྲོ་མགོན་འཕགས་པའི་སློབ་མ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་