R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༤༤
[A:༤༤]མ་ལྔས་ཤིང་རྟའི་བཀའ་སྲོལ་གསར་དུ་གཏོད་པར་མཛད་དེ། སློབ་ཚོགས་བགྲངས་ཀྱིས་མི་ལངས་པ་རྣམས་ནས་བརྒྱུད་དེ་ཆོས་རྗེ་བླ་མ་དམ་པ་ལ་བཤད་སྒྲུབ་ཐམས་ཅད་ཀྱི་བཀའ་བབས་ཤིང་། གདུང་བརྒྱུད་རིམ་པ་དང་། རྗེས་འབྲངས་བསྟན་འཛིན་གྱི་སྐྱེས་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་གངྒའི་རྡུལ་རྙེད་ཀྱི་གྲངས་དང་མཉམས་པས་༸རྒྱལ་བའི་བསྟན་པ་བྱང་ཕྱོགས་སུ་དར་བར་འགྱུར་རོ་ཞེས་པའི་ལུང་་བཞིན་དེང་བར་གངས་ལྗོངས་སུ་ཁྱབ་བརྡལ་དུ་དར་བར་གྱུར་ཏོ། །གཞན་ཡང་ཆོས་རྗེ་ཁུ་དབོན་གྱི་སློབ་མ་ཛོ་ཀི་མང་པས་ཤར་ནུབ་ཕྱོགས་ཀྱི་གླིང་ཕྲན་མང་པོར་འཆད་ཉན་རྒྱ་ཆེ་མཛད་པ་མངོན་ལ། བོད་དུ་ཡང་སྔ་འགྱུར་རྙིང་མའི་སོ་ཟུར་གནུབ་གསུམ་གྱི་གདུང་བརྒྱུད་དང་། གུ་རུ་ཆོས་དབང་སོགས་བཀའ་གཏེར་གྱི་སྐྱེས་ཆེན་དུ་མ། བཀའ་གདམས་བྱ་ཡུལ་བ། དོ་ཀོང་པ། མཆིམ་ནམ་མཁའ་གྲགས། བཅོམ་ལྡན་རིག་རལ་སོགས་ཀྱིས་ཆོས་རྗེ་ཁུ་དབོན་ལས་གསུང་གི་བདུད་རྩི་བླངས། ཕྱཱ་