R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A):
[A:ང] ཀྱི་མཐའ་བསྡོམས་ལོ་རྒྱུས། ཐུའུ་ཀན་གསུང་རྣལ་འབྱོར་མའི་བླ་མ་བརྒྱུད་པའི་ལོ་རྒྱུས། ཚར་པ་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པའི་ལམ་འབྲས་སློབ་བཤད་ཀྱི་ཁོག་དབུབས་ཆེན་མོ་བསྟན་པ་རྒྱས་པའི་ཉིན་བྱེད་ཁ་སྐོར་དང་བཅས་པ། སྡེ་དགེ་ཞུ་ཆེན་པཎྜི་ཏའི་གསུང་བསྟན་འགྱུར་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བསྟན་པ་སྤྱིའི་གདན་རབས་ཆོས་འབྱུང། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཕྱོགས་བཏུས་རྒྱུད་སྡེ་ཀུན་བཏུས་ཀྱི་དཀར་ཆག།ས་ངོར་ཚར་གསུམ་སོ་སོའི་གདན་རབས་སོགས་སྨོས་ཀྱི་མི་ལང་པ་བཞུགས་ནའང་། དེང་འཕགས་ཡུལ་ཕྱག་དཔེ་འབྱོར་པ་ཨ་མེས་གསུང་གདུང་རབས་ཆེན་མོ་དང་། མགོན་པོའི་ཆོས་འབྱུང་གཉིས་ཡོད་སྐད་དང་། དཀོན་ལྷན་གསུང་ཆོས་འབྱུང་ཆེན་མོ། སློབ་བཤད་ཁོག་དབུབས། རྒྱུད་བཏུས་དཀར་ཆག།མཁན་ཆེན་ཆོས་རྣམ་པའི་ཆོས་འབྱུང་བཅས་ལས་མཐོང་ཐོས་ཆེར་མེད་པ་མ་ཟད། བདག་