[A:ཅ]
ལྟ་བུའི་སྙོམས་ལས་གཡེང་བའི་གཟེབ་ཏུ་ཚུད་པས་དེ་དག་གི་དོན་ཆ་ཙམ་བྲི་བར་ག་ལ་སྤོབས། འོན་ཏེ་སྙིང་དོན་མདོར་བསྡུས་ཙམ་སྔོན་དུ་རྩོམ་སྒྲིགས་བྱས་ཟིན་པ་སོར་བཞག་ལ་གླེང་བརྗོད་དང་མཆོད་བརྗོད་གསར་བསྒྲིགས་ཞུས་པ་རང་གཞུང་ཤེས་རིག་པར་ཁང་དུ་ཕྱི་ལོ་༡༩༦༩ ཟླ་ ༤ ཚེས་ ༡༥ ཉིན་པར་བསྐྲུན་ཞུས་པའོ།། །།
ལྷག་བསམ་འོ་མཚོར་བསྐུལ་ཚིག་ཟླ་ཟེར་གྱིས།།
ཕྱེ་བས་ཆོས་འབྱུང་མེ་ཏོག་དཀར་པོའི་ཕྲེང་།།
རྒྱལ་བ་དགྱེས་པའི་མཆོད་སྤྲིན་འདི་ཕུལ་དགེས།།
བསྟན་འགྲོའི་དོན་སྨན་རྣམ་མཁྱེན་རྒྱུར་གྱུར་ཅིག།།