R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༥༤
[A:༥༤]མི་ལྟོས་པར་སྤོབས་པའི་གཏེར་གྲོལ་ཞིང་གསང་བུ་ནའུ་ཏོག་སོགས་མཚན་ཉིད་ཀྱི་བཤད་གྲྭ་མང་པོར་འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་རྩལ་དུ་བཏོན་པས་གངས་ལྗོངས་མཁས་ཀུན་མགྲིན་གཅིག་གིས་རོང་སྟོན་སྨྲ་བའི་སེངྒེ་ཞེས་པའི་མཚན་གྱི་མེ་ཏོག་འཐོར། གཞུང་ཆེན་ཕལ་ཆེར་རྒྱུད་ཐོག་ཏུ་འཁེལ་བའི་ཉམས་ལེན་ལ་སྦྱོར་ལུགས་བསྒོམ་རིམ་མང་པོ། །འབུམ་སྟིག་སོགས་གཞུང་ཆེན་བཞི་བཅུའི་རྣམ་བཤད་ངོ་མཚར་ཅན་དང་། བསྟོད་ཚོགས། གཏམ་ཚོགས། རྒྱུད་སྡེའི་སྐོར་མང་པོ་དང་། གཞུང་ལུགས་དྲུག་ཅུའི་སྤྱི་སྡོམ་སོགས་གཞུང་ཚན་སྣ་ཚོགས་སུམ་བརྒྱ་བརྒལ་བ་སོགས་རྩོམ་པའི་ཕྲེང་བས་རྒྱལ་བསྟན་མཛེས་པར་མཛད་ཅིང་། ཆོས་ཉིད་ཀྱི་བདེན་པ་མཐོང་བའི་རྟགས་སུ་ཤི་བ་སློང་བ་དང་། ཡར་འབྲོག་གཡུ་མཚོར་བྱ་ལྟར་ལྡིང་བ་སོགས་རྫུ་འཕྲུལ་དང་། སྤྱན་ལྔ་མངོན་ཤེས་སོགས་ས་དྲུག་པའི་མངོན་རྟོགས་གསུང་རབ་ནས་བྱུང་བ་ལྟར་མངའ་ཞིང་། དགུང་ལོ་བརྒྱད་ཅུ་གྱ་བཞིར་དགའ་ལྡན་དུ་ཞལ་གྱིས་ཆེས་བཞིན་བྱོན། སྐུ་