R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༥༣
[A:༥༣]འཕགས་ཡུལ་གྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་སོགས་ལས་བཀའ་དང་དགོངས་འགྲེལ་གྱི་གཞུང་ལུགས་རབ་འབྱམས་མ་ལུས་པ་གསན་ཏེ་ཐུགས་སུ་ཆུབ་པར་མཛད་ཅིང་། དགུང་གྲངས་ཉེར་གཉིས་ནས་བརྒྱད་ཅུ་རྩ་བཞིའི་བར་ཡང་དག་རིན་པ་བཞིའི་སྒོ་ནས་འཆད་པ་ངག་གི་རྣལ་དཔྱོད་མཁས་པ་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་ལམ་ཐོན་པའི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་བཞི། གངས་ཅན་མཛེས་པའི་རྒྱན་བརྒྱད་དང་། མཆོག་གཉིས། མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ། ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་བདུན། ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི་སོགས་སློབ་མ་སྡེ་སྣོད་འཛིན་པ་དྲུག་སྟོང་ཙམ་བསྐྲུན་པར་མཛད་ཅིང་། རྩོད་པའི་ཚེ་ཚིག་དོན་མི་འགལ་བའི་དམ་བཅའི་འཛིན་སྟངས། འགལ་འདུའི་རིག་པའི་འཕེན་ལུགས། ལུང་རིག་ཟབ་མོའི་མཛོད་འཛིན་ཅིང་ཤིན་ཏུ་ཕྲ་བའི་གནས་ཚུལ་མཁས་མང་གི་དབུས་སུ་བརྒལ་རྟགས་ཀྱིས་གཏན་ལ་ཕབ་པ་སོགས་གཞན་དྲིང་ལ་