R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༥༦
[A:༥༦]ཆད་པར་གནས། དེ་ནས་བཟུང་ལྷ་རིགས་ལྕེའི་སྡོམ་བརྩོན་གྱི་ཕྲེང་བ་སྐྱེ་བུ་ཆེན་པོ་རིན་ཆེན་མཁྱེན་བརྩེ་དབང་པོའི་བར་མཁས་གྲུབ་རིམ་བྱོན་གྱི་ད་བར་ལྕེའི་ཁྲི་རབས་བཅོ་བརྒྱད་དང་། གདན་རབས་ནས་བརྩིས་ན་ཉི་ཤུ་རྩ་དྲུག་བར་བྱོན། ཁྲི་རབས་དགུ་པ་མཁྱེན་རབ་བྱམས་པའི་དབོན་ཞབས་དྲུང་ནོར་བུའི་སྐུ་ཕྲེང་བཞི་པ་རྗེ་བླ་མ་གཟིམ་འོག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་བར་བྱོན། དགོན་འདིར་མཚན་ཉིད་ཀྱི་རྩོད་གྲྭ་དང་། རྒྱུད་གྲྭ་རྩེ་གཅིག་བསམ་གཏན་ལ་གཞོལ་བས་སྒྲུབ་པའི་རྟགས་ཐོན་པ་སོགས་དེང་བར་མདོ་སྔགས་སྙན་རྒྱུད་ཟབ་མོའི་འབྱུང་གནས་སུ་གྱུར་ཏེ་དེང་དགེ་འདུན་བདུན་བརྒྱ་སྐོར་དང་། ཚོགས་ཆེན་གཅིག གྲྭ་ཚང་གཉིས། ཁང་ཚན་ལྔ། བླ་བྲང་ཁག་གསུམ་དང་། དགོན་ལག་དབུས་གཙང་ནས། ཚ་བ་རོང་། ཨ་མདོ། རྒྱ་རོང་བར་གྲངས་མེད་ཡོད། གཙང་འབྲས་ཡུལ་སྐྱེས་ཚལ་ནི། རོང་སྟོན་ཆེན་པོའི་དངོས་སློབ་བྱམས་ཆེན་རབ་འབྱམས་པ་