[B:3b]བརྒྱད་ཆོས་སྐོར་ཆ་ལག་དང་བཅས་པ་གུ་རུའི་དབང་བཀའ་སྒྲུབ་སྐོར་ཚང་བར་གསན། སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་ལ་ཇོ་བོའི་ལམ་སྒྲོན་རང་འགྲེལ་བཀའ་གདམས་པའི་ཆོས་སྐོར་ཚོགས་བདག་ཆགས་པ་རྡོ་རྗེའི་སྐོར་གསན། སྣར་ཐང་བྱང་ཆེན་པའི་བླ་མ་དུས་ཞབས་རིན་ཆེན་རྒྱལ་མཚན་ལ་རས་ཆུང་སྙན་རྒྱུད་ཀྱི་དབང་བཀའ་ཁྲིད་བཀའ་ཆོས་སྐྱོང་གི་རྗེས་གནང་གཏད་རྒྱ་དང་བཅས་པའི་ཆོས་སྐོར་རྣམས་ཚང་བར་གསན། བླ་མ་སྐལ་ལྡན་པ་ལ་ཆོས་སྐྱོང་ཕྱག་བཞིའི་སྐོར་དང་གཞན་ཡང་ལུང་མང་པོ་གསན། ཆོས་རྗེ་རྒྱ་མ་བ་ལ་གཙང་པ་རྒྱ་རས་ཀྱི་རོ་སྙོམས་སྐོར་ཚང་མ་སེང་གེ་སྒྲའི་རྗེས་གནང་ཆོས་སྐོར་ཕལ་ཆེན་གྱི་ལུང་ལ་སོགས་པ་ཆོས་བཀའ་ལུང་མང་དུ་གསན། ཇོ་ནང་པ་རྒྱལ་སྲས་ཆོས་དཔལ་མགོན་ལ་ཀྲི་ཡ་མུཉྩའི་དབང་དང་རྗེས་གནང་སོགས་གསན། བླ་མ་ཀུན་སེང་བ་ལ་སྒྲོལ་མའི་དབང་དང་རྗེས་གནང་སོགས་གསན། བླ་མ་སེང་གེ་དཔལ་བ་ལ་དོན་ཞགས་ཀྱི་རྗེས་གནང་དང་ཆོས་སྐོར། གུར་མགོན་རྣམ་རྒྱལ། སྨེ་བརྩེགས་མི་གཡོ་བ་རྣམས་ཀྱི་རྗེས་གནང་དང་ཆོས་སྐོར་ཚང་མ་གསན། ཇོ་གདན་ཆོས་ལུང་ཚོགས་པའི་མཁན་པོ་མཁན་ཆེན་ནམ་མཁའ་རྒྱལ་མཚན་པ་ལ་བུདྡྷ་ཤྲཱིའི་བུདྡྷ་པཱ་ལི་ཏ་ཤེས་རབ་སྒྲོན་མ་ཉི་ཁྲི་སྣང་བ་སོགས་ལུང་མང་པོ་གསན། མེ་ཏྲི་བའི་དབང་བརྒྱ་རྩ། ཕག་མོའི་བྱིན་[A:101]རླབས་ཁྲིད་སོགས་མང་པོ་ཕར་ཡང་ཕུལ།
དེའི་གདན་ས་མཁན་ཆེན་རིན་ཆེན་རྒྱལ་མཚན་པ་ལ་ལམ་འབྲས་དམར་ཁྲིད་ཆོས་སྐོར་ཚང་མ། གསང་འདུས་ཀྱི་དབང་བཀའ་ཁྲིད་བཀའ། གཤེད་དམར་བཅུ་གསུམ་མ། གཞན་ཡང་དབང་རྗེས་གནང་མང་པོ་དང་། མདོ་མངས་ལ་སོགས་