[B:4a]པའི་ལུང་མང་པོ་གསན། ཕ་དམ་པའི་ཞི་བྱེད་སྐོར་ཚང་མ། རས་ཆུང་སྙན་རྒྱུད། རིན་ཆོས་སྐོར། གཞན་ཡང་དབང་རྗེས་གནང་མན་ངག་ལུང་ཟབ་མོ་མང་པོ་ཕར་ཡང་ཕུལ། མོས་གུས་ཐུན་མོང་མིན་པ་མཛད། ཆོས་ལུང་གཞིའི་མཁན་པོ་བསོད་རིན་པ་ལ་དུས་འཁོར་གྱི་དབང་གིས་ཐོག་དྲངས་པའི་བཀའ་ལུང་མང་པོ་གསན། རས་ཆུང་སྙན་རྒྱུད་ས་སྐྱ་པའི་བཀའ་འབུམ་སོགས་བཀའ་ལུང་མང་པོ་ཕར་ཡང་ཕུལ། གནས་རྙིང་མཁན་ཆེན་རིན་ཆེན་རྒྱལ་མཚན་པ་ལ་སངས་རྒྱས་མཉམ་སྦྱོར་གྱི་བཀའ་ལུང་། རྟ་མགྲིན་ཡང་གསང་ཁྲོས་པའི་བཀའ་ལུང་། ཞི་བྱེད་ཆོས་སྐོར་ཚང་མ། གཞན་ཡང་བཀའ་ལུང་མང་པོ་གསན། སྙན་རྒྱུད་ནི་གུ་རིམ་ལྔ། ཁྲིད་བཀའ་ཆེ་ཆུང་འགའ་རེ། དབང་བཀའ་རྗེས་གནང་ཆེ་ཆུང་འགའ་རེ། འདུལ་བ་རྒྱ་ཆེར་འགྲེལ་ལ་སོགས་པ་མང་པོ་ཕར་ཡང་ཕུལ། བླ་མ་རིན་ཆེན་རྒྱལ་མཚན་དཔལ་བ་ལ་ཨོ་རྒྱན་བསྙེན་སྒྲུབ། གྲུབ་ཐོབ་བརྒྱད་ཅུའི་ཆོས་སྐོར། རྣམ་སྲས་ཀྱི་ཆོས་སྐོར། འཇིགས་བྱེད་སྐྱོ་ལུགས་ཀྱི་སྐོར། གཞན་ཡང་དབང་ལུང་རྗེས་གནང་མང་པོ་གསན། དབང་བཀའ་ལུང་བཀའ་མང་པོ་ཕར་ཡང་ཕུལ། ཆོས་བཀའ་ལུང་བསམ་གྱིས་མི་ཁྱབ་པ་གསན་གདའ་ནའང་། ཡི་གེ་མངས་པས་འདིར་མ་བསྡུས་པ་ལགས་སོ། །
[A:102]གཉིས་པ་ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་བའི་ཡོན་ཏན་ནི།བླ་མ་བྱ་བྲལ་བ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཁྲིད་བཀའ་མང་པོ་ཞུས་པས། ཞི་གནས་