[A:99]ཐེག་ཆེན་པའི་དབང་དུ་མཛད་ནས་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་
ཉོན་མོངས་པ།
ཞི་ཏིང་འཛིན།
དང་རབ་ཤེས་རབ་ཀྱི་བསླབ་པའོ།།
ཞི་དང༌། །ཡོན་ཏན་སློབ་མ་བས༑
ལྷག་པར་ཆོས་འཆད་པ་ལ་
བརྩོན་བྱས་ལུང་གིས་ཕྱུག །དེ་ཁོ་ན་
ཉིད་ཀྱི་བདེན་པ་
རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ཡིད་སྤངས་ལ་བསྟཻན། ། ཞེས་པས་སེམས་དང༌། ཆོས་ལ་དབང་པོའི་ཡོན་ཏན་ལྔ་ཕྲག་གཉིས་དང་ལྡན་པ་ཡིན་ལ། ཆོས་སྟོན་པའི་དབང་དུ་བྱས་ན་མཚན་ཉིད་བཞི་ལྡན་ཏེ། རྒྱན་ལས། རྒྱ་ཆེ་ཐེ་ཚོམ་སྤངས་པ་དང༌། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་སོ། །ཡང་ན་དགུ་དང་ལྡན་པ་སྟེ། རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི། །ངག་རང་གི་འབྱོར་པ་ལ་
འཇམ་ཞིང་དགའ་བ།
རྒྱགས་བྲལ་མི་ཆོས་ལ།
སྐྱོ་དང༌། །གསལ་ཞིང་འཆད་པ་ལ་མི་ལྟོས་པ༑
སྣ་ཚོགས་རིགས་པ་དང༌། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ། །དེ་ལ་མི་ལྟོས་པ་དང་ཐེག་པ་འོག་མ་ས་གོང་མའི་ཡར་ལྡན་དུ་འཆད་པའོ།།
ཞེས་སོ། །དེ་དག་མདོར་བསྡུས་ན་གསུམ་སྟེ༑བཤད་བྱའི་དོན་ལ་མཁས་པ་དང༌། འཆད་པར་བྱེད་པའི་ཚུལ་ལ་མཁས་པ་དང་༑ བླ་མར་འོས་པའོ། ༈ །དང་པོ་ནི་ལུང་དང་རིགས་པ་མན་ངག་དང་ལྡན་པས་སྤྱིར་སྡེ་སྣོད་ལ་མཁས་ཤིང་བྱེ་བྲག་བཤད་བྱའི་ཆོས་ཀྱི་དོན་ལ་མཁས་པའོ།། གཉིས་པ་ནི་མངོན་ཤེས་སམ་ལུས་ངག་གི་རྟགས་སམ། ཐ་མ་དྲི་རྟོག་གི་སྒོ་ནས་ཀྱང་འཁོར་གྱི་སྣོད་ཤེས་པ་དང༌། ལྷའི་བུའི་ཚིག་ལྟ་བུ་མ་ཡིན་པར་ངག་གི་སྡེབ་སྦྱོར་མཁས་པ་དང༌། སྐད་
ཞ་བ་དང་གོགས་པ་ལྟ་བུ་མ་ཡིན་པར་དབྱངས་སྙན་པ་གསུམ་མམ། ཡང་ན་གཞུང་གི་སྟོད་སྨད་ལ་སོགས་པ་གང་ནས་བཤད་ཀྱང་འབྲེལ་བ་དང༌། རྒྱས་བསྡུས་ལ་སོགས་པ་ཇི་ལྟར་བཤད་ཀྱང་རན་པ། གཞི་