R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 211
[A:211] རྡོ་རྗེ་བདུད་འཇོམས། ཁམ་སྒོམ་མཆོག་གི་ལེགས་པ། ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། དཀོན་མཆོག་རྒྱལ་པོ། མཐའ་བཞི་སྟོན་པ། རྡོ་རྗེ་དྲག་པོ། རྡོ་རྗེ་ཐོད་ཕྲེང༌། རོལ་པའི་རྡོ་རྗཻ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། །འཕགས་པའོ། །ཡང༌། གློ་བོ་ལོ་ཙཱས་བལ་པོའི་པཎྜི་ཏ་རཏྣ་ཤྲཱི་ལའང་ཞུས་སོ། ༈ །ས་ལུགས་ཕུར་པ་ལྷ་ཁྲ་སྙན་བརྒྱུད་དམ་ཞལ་ངོ་ནང་བརྒྱུད་ལུགས། རྡུལ་ཚོན་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ཐོག་མའི་མགོན། ། ལོངས་སྐུ་རྡོ་རྗེ་སེམས་དཔའ་རིགས་ཀུན་བདག །སྤྲུལ་སྐུ་པདྨ་འབྱུང་གནས་རྡོ་རྗེའི་སྐུ།། སྙན་བརྒྱུད་རྒྱ་མཚོའི་ནོར་འཛིན་ཀླུའི་དབང་པོ། །ཆོས་ཀྱིས་འཕོངས་སེལ་རྡོ་རྗེ་རིན་ཆེན་དང༌། །གཉིས་སྣང་འཁྲུལ་སྤངས་ཤེས་རབ་ཡོན་ཏན་གཏེར། །ཉེས་རྡུལ་དྲི་མེད་ཚུལ་ཁྲིམས་རྒྱལ་པོའི་ཞབས། མཆོག་ཏུ་མི་འགྱུར་རྡོ་རྗེ་གཙུག་ཏོར་
གཙུག་ཏོར་ཤེས་རབ་ཀྱང་ཟེར་
མཚན། །གདམས་པའི་མཛོད་མང་འཛིན་པའི་དགེ་སྐྱབས་དང༌། །ཆོས་ཀུན་དེ་ཉིད་གཟིགས་པའི་དགེ་མཐོང་དཔལ། །བྲག་ལ་ཕུར་པའི་ཞལ་གཟིགས་བལ་པོའི་མཚན། ། སྔ་འགྱུར་མངའ་བདག་ཤཱཀྱ་བློ་གྲོས་ཆེ། །འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཕ་རོལ་སོན། །འཁོན་སྟོན་འཁོར་བསྒྱུར་དཀོན་མཆོག་རྒྱལ་པོར་གྲགས། །འཇམ་པའི་རྡོ་རྗེ་ཀུན་དགའ་སྙིང་པོའི་ཞབས། །འཇའ་ལུས་མངོན་གྱུར་སློབ་དཔོན་བསོད་ནམས་རྩེ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་དཔལ། །གཞན་ལ་བརྩེ་བའི་ཐུགས་མངའ་དཔལ་ཆེན་འོད། །བསྟན་པའི་བདག་པོ་ཀུན་དགའ་རྒྱལ་མཚན་ཞབས། །འདྲེན་མཆོག་དམ་པ་བསོད་ནམས་རྒྱལ་མཚན་དཔལ། །འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་བསྒྲེངས། །འཁྲུལ་མེད་གདམས་པའི་མཛོད་འཛིན་འོད་ལྡན་དཔལ། །བདུད་དཔུང་ཚར་གཅོད་ཀུན་དགའ་རྡོ་རྗེ་འཛིན། །འཇིག་རྟེན་མིག་མཁན་ལེགས་པའི་བློ་གྲོས་ཅན། །