R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 215
[A:215] དབྱིངས་དང་ཡེ་ཤེས་དབྱེར་མེད་ཕྱག་རྒྱ་ཆེ། །ཡོངས་འཛིན་ཤཱཀྱ་ཀུན་དགའ་ལ༴ མི་ཤིགས༴ རྟག་བརྟན༴ ཉིན་མཚན་དུས་དྲུག་འགྲོ་ལ་ཐུགས་རྗེས་གཟིགས། །མཁན་ཆེན་བྱམས་པ་བཟང་པོ་ལ༴ མི་ཤིགས༴ རྟག་བརྟན༴ མཁའ་མཉམ་འགྲོ་བའི་མ་རིག་མུན་པ་སེལ། །ཀུན་བཟང་ཆོས་ཀྱི་ཉི་མ་ལ༴ མི་ཤིགས༴ རྟག་བརྟན༴ བྱིན་བརླབས་ཆར་འབེབས་གསལ་སྟོང་གློག་ཕྲེང་འཁྱུག །ནམ་མཁའ་འབྲུག་སྒྲ་བཟང་པོ་ལ༴ མི་ཤིགས༴ རྟག་བརྟན༴ མཁྱེན་བརྩེ་ནུས་པས་སྒྲིབ་གཉིས་གཡུལ་ལས་རྒྱལ། །བྱམས་པ་ཤཱཀྱ་རྡོ་རྗེ་ལ༴ མི་ཤིགས༴ རྟག་བརྟན༴ སྤྱི་གཙུག་པད་ཟླར་དཀོན་མཆོག་གསུམ་འདུས་པ། ། མཁན་ཆེན་དགེ་བའི་དབང་པོ་ལ་གསོལ་བ་འདེབས། །མི་ཤིགས༴ རྟག་བརྟན༴ དེས་བདག་གོ ༈ །ཀོང་པོ་གཏེར་བཏོན་འཇའ་ཚོན་སྙིང་པོའི་གཏེར་ཁ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་དང༌། སེང་གདོང་མའི་རྗེས་གནང་དང༌། ཡིག་བཅའི་ལུང་གཉིས་ཀ་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། སྣང་བ་མཐའ་ཡས། སློབ་དཔོན་པདྨ་འབྱུང་གནས། རིག་འཛིན་འཇའ་ཚོན་སྙིང་པོ། དུང་དཀར་རས་ཆེན་མི་ཕམ་བློ་གྲོས། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་བཅོ་བརྒྱད་ལྕང་ལོ་ཅན་པ་བཀའ་དྲིན་མཉམ་
ངག་དབང་ལྷུན་གྲུབ་
མེད། དེས་ཕྲིན་ལས་པ་ལའོ། །དེའི་ཆོས་སྐོར་ཤོག་སེར་མ་བུ་ཚང་མའི་ལུང་ཐོབ་པའི་བརྒྱུད་པ་གོང་བཞིན། ཆོས་ཀྱི་རྣམ་གྲངས་ལ། རྩ་བ་རྡོ་རྗེའི་ཚིག་རྐང༌། ཕྲིན་ལས་རང་གཞུང༌། གུ་རུ་དྲག་པོའི་ལས་བྱང༌། གཏེར་བསྲུངས་སེང་གདོང་མའི་ལས་བྱང༌། ལོ་རྒྱུས། སྤྱན་འདྲེན། དབང་བསྐུར་གུད་དུ་སྦས་པ། ཚེ་སྒྲུབ་ལྕགས་ཀྱི་ཕོ་བྲང་རྣམས་ཤོག་སེར་བུ་ལས་དག་པར་བྲིས་པ་ནས་ཐོབ། ༈ ཚེས་བཅུ་ཟླུམ་པོ་བཞིའི་དབང་ཡིག་བཅའ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཟུར་འདེབས་ནས་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་