R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 216
[A:216]ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་བདག་གཏེར་བཏོན་ཆོས་དབང༌། སྐལ་ལྡན་ཡར་ཀླུང་སྤྲུལ་སྐུ། སངས་རྒྱས་འགར་སྟོན་ཆེན་པོ། རིག་འཛིན་ཚུལ་ཁྲིམས་གཞོན་ནུ། མཁས་གྲུབ་ཆོས་དཔལ་བཟང་པོ། ལྷ་ཁང་སྟེངས་པ་བླ་མ་སངས་རྒྱས་རིན་ཆེན། ཡབ་རྣལ་འབྱོར་བསོད་ནམས་རིན་ཆེན། སྲས་དཔལ་ལྡན་
ཡེ་བཟང་རྩེ་པ་
ཀུན་བཟང་རོལ་པ། སྔགས་འཆང་འཇིགས་མེད་དཔའ་བོ། འཁྲུལ་ཞིག་མདོ་སྔགས་པཎ་ཆེན། མཁས་གྲུབ་རིག་པའི་གློག་ཕྲེང༌ཡོངས་འཛིན་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན
བླ་མ་རིག་པ་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་ཆེན་བསོད་ནམས་རྒྱལ་མཚན། གསུམ་ལྡན་ཡེ་ཤེས་རྣམ་རྒྱལ། མཚུངས་མེད་ཆོས་རྗེ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཝཱ་གིནྡྲ་ལའོ། །
རྡོ་རྗེ་འཆང་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་ལ་ལན་གཉིས་སོ། །ཡབ་བསོད་ནམས་རིན་ཆེན་གྱི་གནས་སུ། མཁས་གྲུབ་གཞོན་ནུ་དཔལ་བཅུག་ཀྱང་ཆོག་གོ ༈ །དེ་དང་འབྲེལ་བར་ཆོས་སྐྱོང་མ་ནིང་དྲེགས་པའི་སྲོག་དབང་ལན་གཉིས་ཐོབ་པའི་བརྒྱུད་པ་ནི༑ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་རྡོ་རྗེ་འཆང༌། གསང་བའི་བདག་པོ་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། ཨུརྒྱན་པདྨ་འབྱུང་གནས། གུ་རུ་ཆོས་དབང༌། ཡར་ཀླུང་པ་སྤྲུལ་སྐུ་རྡོ་རྗེ་མགོན་པོ། དེའི་དབོན་སྨན་ལུང་པ་སྤྲུལ་སྐུ་ཤཱཀྱ་གཞོན་ནུ། དེ་སྲས་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། ཟི་ན་ཆོས་སེམས་དཔའ་ཡེ་ཤེས་དབང་པོ། རྒྱ་སྟོན་པ་བྱང་ཆུབ་དབང་གི་རྒྱལ་པོབླ་མ་ཤཱཀྱ་ཀུན་དགའརྗེ་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ །ཡང་ན་གུ་རུ་ཆོས་དབང་ཡན་ཟླུམ་པོ་བཞིའི་དབང་བརྒྱུད་ལྟར་བྱས་ཀྱང་ཆོག་གོ །གཏེར་བཏོན་རྡོ་རྗེ་གླིང་པའི་གདུང་བརྒྱུད་རིག་འཛིན་མདོ་སྔགས་རྒྱ་མཚོའི་