[A:218]ཐང་སྟོང་རྒྱལ་པོ་ལ་ཨུརྒྱན་རིན་པོ་ཆེས་གནང་བའི་ཚེ་དབང་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་པདྨ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྡོ་རིངས་པ་ཆེན་པོ། ཀུན་དགའ་སྒྲོལ་མཆོག། བསྟན་འཛིན་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །མགོན་པོ་བསོད་ནམས་མཆོག་ལྡན་ལ་ཡང་ཞུས་སོ༑ ༑རྗེ་བཀའ་འགྱུར་བ་ལ། ཐོས་གྲོལ་ཞེས་པའི་སྔགས་ལུང་གཅིག་ཀྱང་ཐོབ། ༈ ཟ་ཡིག་ནོར་བུའི་བང་མཛོད་ལུང་བརྒྱུད། རྡོ་རྗེ་འཆང་དབང་རབ། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །རྒྱ་ཞང་ཁྲོམ་གྱི་གཏེར་མ་ངག་འགྲོལ་གསེར་གྱི་ལྡེ་མིག་གི་ལུང་བརྒྱུད་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ༔ སློབ་དཔོན་ཁྲག་འཐུང་ནག་པོ༔ སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ༔ གཏེར་སྟོན་རྒྱ་ཞང་ཁྲོམ༔ ལྕགས་ཏུན་ནག་པོ༔ སྣུབས་སྟོན་ཆོས་གྲགས༔ སྣུབས་བྱ་བྲལ་བ༔ སྐལ་ལྡན་རྡོ་རྗེ་རྒྱལ་པོ༔ དྷརྨ་ཀེ་ཏུ༔ ཆོས་ཀྱི་བློ་གྲོས༔ ཀོང་ཆེན་ནམ་མཁའ་དཔལ་ལྡན་རྒྱ་མཚོ༔ ལུང་རིགས་དབང་ཕྱུག༔ དགེ་སློང་རིན་ཆེན་རྣམ་རྒྱལ༔ སྔགས་འཆང་ཆོས་རྒྱལ་ཕུན་ཚོགས༔ ངག་དབང་ཀུན་དགའ་སྙིང་པོ༔ ཡོངས་འཛིན་ངག་དབང་བཟང་པོ༔ རྒྱལ་བ་དཔག་བསམ་དབང་པོ༔ ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ༔
ཀུན་དགའ་བསྟན་དར། གསུམ་ལྡན་ཀུན་བཟང་དབང་འདུས། མཚུངས་མེད་དགེ་སློང་བསྟན་འཛིན་ཤེས་རབ། དེས་བདག་ངག་མིང་ལའོ། །
དེས་ཕྲིན་ལས་རྣམ་རྒྱལ་ལའོ༔ འདིའི་བར་ཁ་ཤས་མི་ཚང༌།
༈ ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་ལས་ཚོགས་ནས་ཆུ་ཆར་འབེབས་ཐབས་ཀྱི་ལུང་བརྒྱུད་ནི། རྗེ་མགོན་པོ་བསོད་ནམས་མཆོག་ལྡན། རྗེ་རིན་ཆེན་རྒྱ་མཚོ། དེས་བདག་གོ ༈ །རྫོགས་ཆེན་ཨ་ཏིའི་མན་ངག་དང༌། དམ་ཆོས་སྙིང་གི་ཐིག་ལེ་གཉིས། གཏེར་བཏོན་འཇའ་ཚོན་སྙིང་པོ་ལ་ཨུ་རྒྱན་རིན་པོ་ཆེས་དངོས་སུ་གནང་བ། མགོར་ལོ་རྒྱུས། བར་ན། གུ་རུ་