[A:219]མཁའ་འགྲོ་སྡེ་ལྔའི་ལུང་བསྟན་ནི། ཞེས་དང༌། བར་ན་འཆི་མེད་ཚེ་སྒྲུབ་ཡང་སྙིང་འདི་ཁོ་ན༑ ཞེས་དང༌། མཐར། དགེ་བས་མཁའ་མཉམ་འགྲོ་ཀུན་རང་གྲོལ་ཤོག་ཅེས་སོ། ། མགོར། སྲིན་པོའི་སྐད་དུ། ཞེས་དང༌། གཤམ་ན། གཅིག་བརྒྱུད་བྱས་ན་གྲུབ་ཐོབ་མང༌། །ཞེས་སོ། །རྨ་བྱ་འུག་པ་སོགས་སྒྲིབ་ཤིང་གི་གདམས་པ་སྟེ། དེ་དག་གི་ལུང་བརྒྱུད་ནི། སློབ་དཔོན་པདྨ་ཐོད་ཕྲེང་རྩལ། གཏེར་བཏོན་ཧཱུྃ་ནག་མེ་འབར་ལ། ནོར་བུ་རྒྱན་པ་དང༌། བཟང་པོ་རྡོ་རྗེ་གཉིས་ཀྱིས་གསན། དེ་ལ་རྩ་བའི་བླ་མ་དམ་པ་རིན་ཆེན་ཆོས་ལེགས། དེས་བདག་ལ་དགྱེས་བཞིན་གནང་བའོ། །
གཏེར་བཏོན་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་ལ་རིག་འཛིན་ཐུགས་ཐིག་གི་རྫོགས་ཆེན་ལུང་ཐོབ་པའི་བརྒྱུད་པ་ཆོས་ལོངས་སྤྲུལ་གསུམ། སློབ་དཔོན་པདྨ། གཏེར་བཏོན་རིན་ཆེན་ཉིད། དེས་བདག་གོ
།
༼ཆ༽
༈ སྤྱི་བཀའི་རྗེས་གནང་ཐོབ་པའི་སྐོར་ལ། སྒྲུབ་ཐབས་བརྒྱ་རྩ་ཞེས་པ། བྷང་ག་ལའི་པཎྜི་ཏ་གཞོན་ནུ་སྦས་པས་བསྡུས་པའི་སྒྲུབ་ཐབས་གཟུངས་དང་བཅས་པ་དཔེ་སྣ་དགུ་བཅུ་གོ་དྲུག་ལ། རྗེས་གནང་དགུ་བཅུ་གོ་གཉིས་བཞུགས་པ། བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པས། པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པ། བཻ་རོ་ཙ་ན་རཀྵི་ཏ། དྷ་བྱང་ཆུབ་སེམས་དཔའ། རྡོ་རྗེ་གདན་པ་ཆུང་བ་དོན་ཡོད་རྡོ་རྗེ་བཞི་ལ་ཞུས་ཏེ། དཔལ་ས་སྐྱ་པ་ལ་བཀའ་བབས་པ་ནི། ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ་དམ་ཚིག་གསུམ་བཀོད་རྒྱུད་ནས་གསུངས་པའི་སྒྲུབ་ཐབས། བརྟན་པའི་འཁོར་ལོ་བྷ་ཝ་སྐནྡྷས་མཛད་པ། ཡང༌། བརྟན་པའི་འཁོར་ལོ། །ཚིག་ལྷུག་པའི་བརྟན་པའི་འཁོར་ལོ། ཚིག་ལྷུག་པའི་ཨ་