[A:226]གཙོ་འཁོར་གསུམ་པ། རྣམ་སྣང་མངོན་བྱང་ནས་བཤད་པའི་ཁ་སརྤ་ནིའི་སྒྲུབ་ཐབས་བཞི་ལ་གཅིག །མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གཙོ་འཁོར་བཅུ་གསུམ་པ། འཇིག་རྟེན་དབང་ཕྱུག་གཙོ་འཁོར་གསུམ་པ། འཇིག་རྟེན་དབང་ཕྱུག་གཙོ་རྐྱང༌། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་བཞི་ལ་གཅིག །འཇིག་རྟེན་དབང་ཕྱུག་ཧ་ལཱ་ཧ་ལཱའ་ཡབ་ཡུམ། འཇིག་རྟེན་དབང་ཕྱུག་ཧ་ལཱ་ཧ་ལཱ། རྡོ་རྗེ་ཆོས་ནི་ཧ་ལཱ་ཧ་ལཱ་ཡབ་ཡུམ་གོང་བཞིན་ལས་ཕྱག་མཚན་ཁྱད་པར་བ། པདྨ་གར་དབང་གཙོ་འཁོར་ལྔ་པ། འཇིག་རྟེན་དབང་ཕྱུག་ཧ་རི་ཧ་རི་ལ་ཞོན་པའི་སྒྲུབ་ཐབས་གཉིས་ལ་གཅིག །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དམར་པོ་གཉིས་ལ་གཅིག །འཇིག་རྟེན་དབང་ཕྱུག་དམར་པོ་གཙོ་འཁོར་གསུམ་པ། འཇིག་རྟེན་གསུམ་ལྷག་པར་དབང་དུ་བྱེད་པའི་སྤྱན་རས་གཟིགས། འཇིག་རྟེན་དབང་ཕྱུག་མགྲིན་སྔོན་ཅན། སྒྱུ་འཕྲུལ་དྲ་བའི་སྤྱན་རས་གཟིགས། དོན་ཡོད་ཞགས་པ་གཙོ་འཁོར་ལྔ། འཇིག་རྟེན་དབང་ཕྱུག་བྱུག་མ་ལྷ་ལྔའི་སྒྲུབ་ཐབས་གཉིས་ལ་གཅིག །འཇམ་དབྱངས་ཀྱི་སྐོར་ལ། བརྟན་པའི་འཁོར་ལོའི་སྒྲུབ་ཐབས་གཉིས་ལ་གཅིག །འཇམ་དབྱངས་སེང་གེ་སྒྲ་ལྷ་བཅུ་གསུམ། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས་གསུམ་ལ་གཅིག །ངག་གི་རྒྱལ་པོ། འཇམ་དབྱངས་སེང་གེའི་གདན་ཅན། ངག་གི་རྒྱལ་པོ་གཙོ་འཁོར་གཉིས། སེང་གེ་དང་པད་ཟླར་མུཿལས་འཇམ་དབྱངས་ངག་གི་རྒྱལ་པོ། ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་པོ། འཇམ་དཔལ་གྱི་རྟོག་པ་ནས་གསུངས་པའི་ངག་གི་རྒྱལ་པོ། འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོའི་སྒྲུབ་ཐབས་གཉིས་ལ་གཅིག །ཚིག་ལྷུག་པའི་ཨ་ར་པ་ཙ་ན། འཇམ་དཔལ་བསྒོམ་པའི་མན་ངག །འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན། འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་གཉིས་ལ་གཅིག །ཆོས་དབྱིངས་གསུང་དབང་དཀར་