[A:227]པོ༑ ཆོས་དབྱིངས་གསུང་དབང་དམར་པོའི་སྒྲུབ་ཐབས་གཉིས་ལ་གཅིག །ཆོས་དབྱིངས་གསུང་དབང་དཀར་པོ་ཕྱག་གཉིས་པ། ཨ་ར་པ་ཙ་ན་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་གཉིས་ལ་གཅིག །འཇམ་དཔལ་དཔའ་བོ་གཅིག་གྲུབ་དཀར་པོའི་སྒྲུབ་ཐབས་གཉིས་ལ་གཅིག །ངག་གི་དབང་ཕྱུག་དམར་པོ། འཇམ་དཔལ་རྒྱལ་པོ་རོལ་པ། ཡང༌། འཇམ་དཔལ། དཔའ་བོ་གཅིག་གྲུབ། ཡང༌། དཔའ་བོ་གཅིག་གྲུབ། འཇམ་དབྱངས་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་གསུམ་ལ་གཅིག །འཇམ་དཔལ་ཤེས་རབ་འཕེལ་བའི་ཆོ་ག་དང་བཅས་པའི་སྒྲུབ་ཐབས་གསུམ་ལ་གཅིག །མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོ། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ། མཚན་བརྗོད་ལས་གསུངས་པའི་འཇམ་དབྱངས་དམར་པོ་ཞལ་གསུམ་ཕྱག་བཞི་པ། འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་དང་ཡི་གེ་གཅིག་པའི་སྦྱོར་བ་དང་བཅས་པའི་སྒྲུབ་ཐབས་གཉིས་ལ་གཅིག །མི་གཡོ་སྔོན་པོའི་སྒྲུབ་ཐབས་གསུམ་ལ་གཅིག །མི་གཡོ་བ་ནག་པོ། སྒྲོལ་མའི་སྐོར་ལ། སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ། སྒྲོལ་མ་ཆེན་མོ། མཆོག་སྦྱིན་སྒྲོལ་མ་གཙོ་འཁོར་ལྔ། དབང་གི་སྒྲོལ་མ་ལྗང་གུ། གུར་ནས་གསུངས་པའི་རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབས་བཞི་ལ་གཅིག །རྡོ་རྗེ་སྒྲོལ་མ་དཀར་མོ་ཕྱག་གཉིས་མ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས། རྒྱ་ནག་རིམ་པའི་སྒྲོལ་མ་ནག་མོའི་སྒྲུབ་ཐབས་གཉིས་ལ་གཅིག །འཆི་བ་བླུ་བའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་གསུམ་ལ་གཅིག །སྒྲོལ་མ་ཡིད་བཞིན་རྒྱལ་མོ། སྒྲོལ་དཀར་ཞལ་གསུམ་ཕྱག་དྲུག་མ། སྒྲོལ་མ་ནོར་སྦྱིན་མ་གཙོ་འཁོར་བཅུ་གསུམ། ངན་སོང་ལས་སྒྲོལ་བའི་སྒྲོལ་མ། སྣ་ཚོགས་ཡུམ། དོན་ཐམས་ཅད་སྒྲུབ་པའི་སྒྲོལ་མ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས་དང་གཟུངས་ཞེས་པ། ཡང༌། དུག་སེལ་མ། དུག་སེལ་མ་ལྗང་གུ་ཕྱག་བཞི་མ།