R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 230
[A:230]བྱེད་སྒྲུབ་ཐབས་གཉིས་ལ་གཅིག །གདོང་དྲུག་གི་རྒྱུད་རྒྱས་པ་ལས་གཤིན་རྗེ་དགྲ་ནག་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་གཉིས་ལ་གཅིག །གཤིན་རྗེ་གདོང་དྲུག་ཕྱག་དྲུག་ཞབས་དྲུག་པ། བགེགས་མཐར་བྱེད། རྡོ་རྗེ་ཧཱུྃ་མཛད། སྟོབས་པོ་ཆེ། ཀྱེ་
གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་བྱུང་ཞེས་ཇོ་ནང་པ་གསུང་བས་བརྟག་
རྡོར་རྩ་བཤད་ནས་གསུངས་པའི་ཀྱེ་རྡོར། དགྱེས་པ་རྡོ་རྗེ་ཕྱག་གཉིས་ཡུམ་བཅས། རྡོ་རྗེ་བདག་མེད་མ་གཉིས་ལ་གཅིག ། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་གཉིས་ལ་གཅིག །རྡོ་རྗེ་གུར་ནས་གསུངས་པའི་གུར་མགོན། མགོན་པོ་སྔོན་འབྱུང་ནས་གསུངས་པའི་མགོན་པོ་ཕྱག་བཞི་པ་སྟེ་དེ་རྣམས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་ཨ་བྷ་ཡ་ཀ་ར། ཤུ་བྷཾ་ཀ་ར། པུ་ཛ་ཏི། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། ཀཱིརྟི་པཎ་ཆེན། ལོ་ཙཱ་བ་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། གཞོན་ནུ་སེང་གེ །མགོན་པོ་འབུམ། དཔལ་ལྡན་པ། ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་བཟང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ །དཀོན་མཆོག་འཕེལ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན། རྡོ་རྗེ་འཆང་བཅོ་བརྒྱད་པ་བྱམས་པ་ངག་དབང་ལྷུན་གྲུབ་དཔལ་བཟང་པོ། དེས་བདག་ཕྲིན་ལས་རྣམ་པར་རྒྱལ་བ་ལའོ། །ཡང་ན་ལོ་ཙཱ་བ་གྲགས་རྒྱལ། རོང་པ་ཤེར་སེང༌། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེར་རྡོར། རིན་ཆེན་འཕེལ། ཀུན་དགའ་བསོད་ནམས། མཁན་ཆེན་བྱང་སེང༌། ཆོས་ཀྱི་འོད་ཟེར། བསོད་ནམས་བཟང་པོ། ནམ་མཁའ་རྒྱལ་མཚན། མཁྱེན་རབ་རྗེ། ཤཱཀྱ་དོན་
ལུམ་པར་འཁྲུངས་
གྲུབ། འཇམ་དབྱངས་
སྟོང་ར་བ་
ཀུན་དགའ་ལེགས་གྲུབ། ཀུན་ཆོས། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་
ནཱ་ལེནྡྲ་བཅོ་བརྒྱད་པ་
འཛིན། རྡོ་རྗེ་འཆང་བྱམས་པ་ངག་དབང་ལྷུན་གྲུབ།