[A:231] དེས་བདག་གོ །ཡང་ན། དཀོན་མཆོག་འཕེལ་གྱི་རྗེས་སུ། ས་ལོ་ཙཱ་བ། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། མཁྱེན་རབ་བསྟན་འཛིན། རྩ་བའི་བླ་མ། དེས་བདག་གོ །སྒྲུབ་ཐབས་རྒྱ་རྒྱམ་གཉིས་ཀར་བླ་མ་གོང་མ་རྣམས་རྒྱ་གཞུང་གི་སྟེང་ནས་རྗེས་གནང་རེ་དང་གཞུང་དེའི་ལུང་རེ་གནང་ཞིང༌། ཕྱིས་སུ། བླ་མ་ལ་ལའི་སྙན་དུ་རྒྱ་གཞུང་གི་མིང་ཙམ་ཡང་མ་གསན། གསན་ཡང་མ་གཟིགས། གཟིགས་ཀྱང་ལུང་མ་ཐོབ། ཐོབ་ཀྱང་འཆད་མི་མཛད། སློབ་མས་ཀྱང་ཉན་མི་ནུས་པ་མང༌། ད་ལྟའི་ཕྱག་ལེན་ལ་བོད་གཞུང་གི་ལུང་རེ་རྗེས་གནང་རེ་མཛད་པ་དང་མི་མཛད་པ་གཉིས་ཀར་ཞུས། བརྒྱུད་སྲོལ་ཤིན་ཏུ་མང་བ་གངྒཱའི་ཆུ་རྒྱུན་ན་བཞུགས། རྒྱ་བོད་ཀྱི་གཞུང་ཐོས་པའི་ལུང་བརྒྱུད་འོག་ནའོ། ༈ །ཕྱག་འཚལ་ཉེར་གཅིག་སྒྲོལ་མའི་རྗེས་གནང་ཇོ་བོ་རྗེའི་རྒྱ་གཞུང་ལ་ས་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩའི་ལུང་གསུམ་གྱི་ཆིངས་ཀྱིས་རྗེས་གནང་ཐོབ། དེ་ཡང་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་འབྱོན་པའི་དུས་ཕྱག་འཚལ་ཉེར་གཅིག་གི་ཞལ་འདོན་དང་བཅས་རྡོ་རྗེ་གདན་དུ་བསྐོར་བ་མཛད་པའི་ཚེ་རྗེ་བཙུན་སྒྲོལ་མ་དངོས་སུ་ཞལ་མཇལ་ཏེ་བོད་དུ་བཞུད་ཅིག་པར་ལུང་བསྟན། འདི་ལ་ཡི་དམ་བྱས་ན་བར་ཆད་མི་འབྱུང་ཞེས་ཤླཽ་ཀ་རེ་དང་ལས་ཚོགས་རེ་སྦྱར་ནས་གནང་བའི་སྒྲོལ་མ་ཉེར་གཅིག་ལ་ཐོག་མར་ཐམས་ཅད་ཀྱི་གཞི་སེང་ལྡེང་ནགས་ཀྱི་སྒྲོལ་
འདི་ཟུར་བཀའ་ན་ཡོད་པ་
མའོ། །དགྲ་བགེགས་ལོག་འདྲེན་གྱི་འཚེ་བ་ཞི་བར་བྱེད་པ་མྱུར་ཞིང་དཔའ་བའི་སྒྲོལ་མ་༡།
ནད་གདོན་བགེགས་སྡིག་པ་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ་སྟོན་ཀའི་ཟླ་ལྟར་དཀར་བའི་སྒྲོལ་མ་༢།
ཚེ་དང་ལོངས་སྤྱོད་འཕེལ་བར་བྱེད་པ་གསེར་མདོག་ཅན་གྱི་སྒྲོལ་མ་༣།
ཚེ་ལོ་བཅུ་ཡང་བརྒྱར་འཕེལ་བར་བྱེད་པ་ཚེ་འཕེལ་སྒྲོལ་མ་སེར་མོ་༤།
བུད་མེད་སོགས་དམིགས་བྱ་དབང་དུ་བྱ་བ་ཧཱུྃ་སྒྲ་སྒྲོག་པའི་སྒྲོལ་མ་༥།
དབང་