R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 237
[A:237]བཙུན་རྡོ་རིངས་པ་ཆེན་པོ། རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ལ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་དང༌། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གཉིས་ཀྱིས་གསན། དེ་གཉིས་ཀས་བདག་ཕྲིན་ལས་ལའོ། །ཡང་ན་རྡོ་རིངས་རིན་པོ་ཆེ་ནས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་ཞབས་མན་འདྲ། ཡང་ན་རྗེ་སྒོ་རུམ་པ་ནས། དེ་དབོན་བསྟན་པའི་རྡོ་རྗེ། རྗེ་མཁྱེན་བརྩེ་མན་འདྲ། ཡང་ན་ཤྲཱི་ཀཱ་ལ་ཙཀྲ། མཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཆག་ལོ་རིན་ཆེན་ཆོས་ཀྱི་རྒྱལ་པོ། བདག་ཆེན་ངག་གི་དབང་ཕྱུག །ཀུན་མཁྱེན་མཁྱེན་བརྩེའི་ཞབས་མན་འདྲའོ། ༈ །དུས་ཀྱི་འཁོར་ལོ་ནས་གསུངས་པ་ཀླུ་རིགས་ལྡན་གྱི་སྙིང་པོར་ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་ས་ཆེན་དང་འཕགས་པའི་རྗེས་གནང་ཡིག་བཅའ་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཟླ་བ་བཟང་པོ། འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་པ་ཆེ་ཆུང་གཉིས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། མལ་ལོ་ཙཱ་བ་བློ་གྲོས་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། བླ་མ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ༑ བླ་མ་ཤཱཀྱ་བསོད་ནམས། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། དེ་ལ་རྗེ་རིན་ཆེན་རྣམ་རྒྱལ་དང་སྔགས་འཆང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་གསན། གཉིས་ཀ་ལ་འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། དེ་ནས་བླ་མ་རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚནརྡོ་རྗེ་འཆང་ཚུལ་ཁྲིམས