[A:242]བ་རྒྱལ་མཚན། རྗེ་སངས་རྒྱས་མཆོག་པ། སྐྱེས་མཆོག་རྒྱལ་མཚན། རྗེ་བཀྲ་ཤིས་སེང་གེ ༑ཚར་ཆེན་ཆོས་ཀྱི་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་ཀུན་དགའ་བཀྲ་ཤིས། དེས་བདག་གོ །ཡང་ན་རྗེ་བཟང་པོ་རྒྱལ་མཚན་ནས། འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱི་བར། སྒྱི་ཆུ་ལུགས་ཀྱི་ཀྱེ་རྡོར་མན་ངག་ལུགས་བཞིན་ནོ། །ས་ཆེན་ཀུན་དགའ་བསོད་ནམས་ཀྱི་ཞབས་དྲུང་དུ་ཡང་ཐོབ། ག་ཡ་དྷ་རའི་མགོན་རྐྱང་ངམ་ལམ་འབྲས་ཀྱི་མགོན་པོ་ལྷ་གཅིག་གི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་བ་དྷཱུ་ཏཱི། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་པ། ཞང་དགོན་པ་བ་ཆོས་འབར། ས་ཆེན། རྩེ་མོ། རྗེ་བཙུན་གྲགས་པ། ས་སྐྱ་པཎྜི་ཏ༑ འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དེ་གཉིས་ལ་མཁྱེན་རབ་ཆོས་རྗེ་རིན་ཆེན་མཆོག་གྲུབ། ངག་དབང་ཆོས་གྲགས། ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ །ཡང༌། ཐེག་ཆེན་ཆོས་རྗེ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ། མཐུ་སྟོབས་དབང་ཕྱུག་ཀུན་དགའ་བཀྲ་ཤིས། ཆོས་རྗེ་ཀརྨ་ཕྲིན་ལས། ཆོས་རྗེ་རྒྱ་དོ་བ་ནམ་མཁའ་དཔལ་བཟང༌། །ཀུན་མཁྱེན་ཤཱཀྱ་དོན་གྲུབ། སྟོང་ར་བ་འཇམ་དབྱངས་ཀུན་ལེགས། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། དེས་ཕྲིན་ལས་རྣམ་རྒྱལ་ལའོ།།