R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 254
[A:254]པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། འཇམ་དབྱངས་ས་པཎ། འུ་ཡུག་པ་རིག་པའི་སེང་གེ །ཉི་ཐོག་པ་ཀུན་སྨོན། བླ་མ་ཡོན་ཏན་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེར་རྡོར། ཆོས་སྒོ་བ། བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། སྙུག་ལ་པཎ་ཆེན། དེ་གཉིས་ཀ་ལ་མཁས་གྲུབ་རིགས་པའི་གློག་ཕྲེང༌། ཡོངས་འཛིན་ཤཱཀྱ་ཀུན་དགའརྗེ་བཙུན་དབང་ཕྱུག་རྒྱལ་མཚན་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། པཎ་ཆེན་ཀུན་དགའ་བཀྲ་ཤིས་དང༌། པཎ་ཆེན་བསོད་ནམས་མཆོག་ལྡན། རབ་འབྱམས་པ་རིན་ཆེན་རྒྱ་མཚོ། དེ་བཞི་ཀར་བདག་གིས་ཐོབ་བོ། །ཡང་ན། རྡོ་རྗེ་འཆང༌། ལྷ་མོ་ཀུ་རུ་ཀུལླེ། རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བླ་མ་བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། ཡང༌། སྙུག་ལ་པཎ་ཆེན་གྱིས་ཤེས་རབ་དཔལ་ལྡན་སོགས་གཞན་ལའང་གསན། བླ་མ་ཤཱཀ་ཀུན་གྱིས་ཀྱང་འཇམ་དབྱངས་གྲགས་པའི་བ་དན་ལའང་གསན་ནོ། ༈ །ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་གནང་དང༌། དེའི་སྔོན་འགྲོ་ཕྱག་རྡོར་མདའ་གཞུ་རྒྱབ་འགེངས་བཅས་པའི་རྗེས་གནང་ཡི་གེ་ཡར་ཀླུང་སེང་རྒྱལ་གྱི་ཡི་གེ་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། བྲམ་ཟེ་ས་ར་ཧ༑ འཕགས་པ་ཀླུ་སྒྲུབ། རི་ཁྲོད་མགོན་པོ་ཧ་ངུ་དཀར་པོ་ལ། མལ་གྱོ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎྜི་ཏ། རིན་པོ་ཆེ་སྐྱོབ་པ་དཔལ། གཞོན་ནུ་བཀྲ་ཤིས། རྡོ་རྗེ་དཔལ། གཞོན་ནུ་དཔལ། གུ་རུ་ཤེས་རབ་རིན་ཆེན། འཛམ་གླིང་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། སྙུག་ལ་པཎ་ཆེན་ངག་དབང་