R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 255
[A:255]གྲགས་པ་དཔལ་བཟང༌། མཁས་གྲུབ་རིགས་པའི་གློག་ཕྲེང༌། བླ་མ་ཤཱཀྱ་ཀུན་དགའརྗེ་བཙུན་དབང་ཕྱུག་རྒྱལ་མཚན་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། པཎ་ཆེན་བསོད་ནམས་མཆོག་ལྡན། དེ་གཉིས་ཀྱིས་བདག་གོ །ཡང་སྙུག་ལ་པཎ་ཆེན་གྱིས་བླ་མ་ཤེས་རབ་དཔལ་ལྡན་སོགས་གཞན་ལའང་གསན་པའི་བརྒྱུད་རིམ་སླར་བྲིའོ། །ཡང༌། སྙུག་ལ་པཎ་ཆེནགྲགས་པའི་བ་དནབླ་མ་ཤཱཀྱ་ཀུན་དགའ། ཡང༌། གྲགས་པའི་བ་དནའཇམ་དབྱངས་ཚེ་དབང་ཀུན་མཁྱེན། དེ་ལའང་རྩ་བའི་བླ་མས་གསན་ཟེར་བ་འདུག་གོ །ཡང༌། རྣམ་པ་གཅིག་ཏུ་བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་བ་དྷཱུ་ཏཱི་པ༑ ག་ཡ་དྷ་ར། འབྲོག་མི། བླ་མ་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ་ཞེས་པའང་འདུག་གོ །ཡང་ན་གཞོན་ནུ་དཔལ། པཎ་ཆེན་འབུམ་ཕྲག་གསུམ་པ། རྗེ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། སློབ་དཔོན་མཁྱེན་རབ་རྣམ་རྒྱལ། སློན་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ༈ །ཁྲོ་བོ་འདོད་པའི་རྒྱལ་པོའམ་ཀཀ་ཆོལ་མར་གྲགས་པ་དེའི་རྩ་བ་ནི། དུས་ཀྱི་འཁོར་ལོ། ཧེ་རུ་ཀ་པདྨ་དབང་ཆེན། བདེ་མཆོག །དགྱེས་རྡོར་རྩ་བཤད་གཉིས། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་མན་ངག་གི་དོན་བསྡུས་ནས་བསྐུར་ཆོག་རིན་ཆེན་རྣམ་རྒྱལ་གྱི་ཡི་གེ་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡུམ་བདེ་བ་རྒྱས་བྱེད་མ། ཛེ་ཏཱ་རི་པ། ལ་ལི་ཏ་བཛྲ། ཏ་ཐཱ་ག་ཏ་རཀྵི་ཏ། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ། ས་ཆེན། རྩེ་མོ༑ གྲགས་པ། པཎ་ཆེན། འཕགས་པ།
འདི་བརྟག །
ཡང་ས་ཆེན། ཁམས་པ་དོན་གྲུབ། ཕག་མོ་གྲུབ་པ། གཤེན་རྡོར་སེང༌། ཛ་ཛ་ནེ། རོང་པ་དགེ་རིང༌། སློབ་དཔོན་ཇོ་བཙུན། བླ་མ་འཕགས་པ་དང༌། སློབ་དཔོན་ཇོ་བཙུན་གཉིས་ཀར། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། སྲས་ཨ་ཀ་ར་སིདྡྷི། བླ་མ་སངས་རྒྱས་རིན་ཆེན། མཁན་ཆེན་ཤེས་རབ་རྡོ་རྗེ།