R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 256
[A:256] ཆོས་དཔལ་ཤེས་རབ། བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཡང་རྡོ་རྗེ་གདན་པ་ཆེ་ཆུང༌། ཐ་བ་རི་པ་ཆེན་པོ། བ་རི་ལོ་ཙཱ། ཇོ་བཙུན་ལྕགས་ཐང་པ། སེ་ཆུང་པ། ས་ཆེན། རྩེ་མོ། གྲགས་རྒྱལ། པཎ་ཆེན། སློབ་དཔོན་ཁམས་པ། སློབ་དཔོན་དབོན། ཡང་རོང་པ་དགེ་རིངས། རྒྱ་རྡོ་པ། སློབ་དཔོན་ཇོ་བཙུན་ནོ། །ཡང་ཁམས་པ་ལ། གྲུབ་ཐོབ་སྟག་ཏེ་བུ། བླ་ཆེན་དྲན། སྲས་ཤེས་རབ་སེང་གེ །མཁས་པ་ཀུན་རིན། ལྷ་རིན་ཆེན་གྲགས། བསོད་ནམས་དབང་ཕྱུག །འཛམ་གླིང་པ། མཁན་ཆེན་ཤེར་རྡོར། ཆོས་དཔལ་ཤེས་རབ། བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ། རྡོ་རྗེ་འཆང་དབང་རབ། བཀའ་འགྱུར་བ་ཆེན་པོ། ཐམས་ཅད་དབང་སྡུད་རིན་ཆེན་རྒྱ་མཚོ། དེས་བདག་གོ ། ༈ ཇོ་བོ་རྗེ་ནས་བརྒྱུད་པའི་ཚོགས་བདག་དཀར་པོ་ཆགས་པ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏཱི། རྒྱལ་པོ་གྲགས་པ། བྱང་ཆུབ་འབྱུང་གནས། རིན་ཆེན་འོད་ཟེར། ཡང་དག་སྦྱིན་པ། རིན་ཆེན་འབྱུང་གནས་ཞི་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྒྱ་བརྩོན་སེང༌། གྲུབ་ཐོབ་ཤོལ་པོ་བ༑ སངས་རྒྱས་དབོན་སྟོན། སངས་རྒྱས་སྟོན་ཚུལ། ཁྱུང་ཚངས་པ་སློབ་དཔོན་ཚུལ་རྒྱལ། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་བརྩོན། རྗེ་བཀའ་བཅུ་པ། གུང་ཆེན་པ། འཚལ་མིན་ཆོས་རྗེ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་ངག་དབང་ལྷུན་གྲུབ། དེས་བདག་གོ ༈ །བླ་མ་གཉན་ལོའི་དབང་གི་ལྷ་དམར་ཆུང་སྐོར་གསུམ་གྱི་རྗེས་གནང་སོ་སོར་ཐོབ། དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། གཉན་ལོ་ཆེན་པོ་དར་མ་གྲགས།