R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 326
[A:326] ༈ ཡང་ས་སྐྱ་པཎྜི་ཏ་དང༌། འཕགས་པ་རིན་པོ་ཆེས་མཛད་པའི་ཉལ་འཕོའི་དམིགས་ཁྲིད་གཉིས་ཀ་ཐོབ་པའི་བརྒྱུད་པ་ནི། མུས་པ་སངས་རྒྱས་རྒྱལ་མཚན་ཡན་གོང་ལྟར་ལ། བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས། གླིང་སྟོད་ཆོས་རྗེ་དཀོན་མཆོག་དཔལ་འབྱོར། ཁྲ་ཚང་པ་བློ་མཆོག་རྡོ་རྗེ། རྒྱལ་དབང་བློ་བཟང་རྒྱ་མཚོའི་ཞབས། མདོ་སྔགས་བདག་པོ་ཕ་བོང་ཁ་པ་ངག་དབང་བསྟན་འཛིན། དེས་བདག་གོ ། ངོར་པ་མཁན་པོ་ལ་ཡང་ཐོབ་བོ། ༈ །ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་འཇམ་དབྱངས་སྦགས་བསྒྲུབ་ཀྱི་སྒོམ་བཟླས་ཀྱི་དམིགས་ཁྲིད་ཡིག་ཆ་གཡག་སྟོན་སངས་རྒྱས་དཔལ་གྱིས་མཛད་པ་ནས་ཐོབ་པའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་ས་སྐྱ་པཎ་ཆེན། གཡག་སྟོན་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། གོང་དཀར་འབྲས་མོ་བ་བསོད་ནམས་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེ། དབང་རབ། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེས་བདག་ཅག་དགེ་འདུན་འདུས་ཚོགས་ལའོ། ༈ །ཡང་འཇམ་དབྱངས་དང་ས་པཎ་སྦགས་བསྒྲུབ་དམིགས་ཁྲིད་ནི་མཁས་གྲུབ་སྦྱིན་པ་གྲགས་པས་མཛད་པ་ནས་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། གཡག་སྟོན་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་སངས་རྒྱས་འཕེལ། རྗེ་ཀུན་དགའ་བཟང་པོ། ཕུན་ཚོགས་ལྷ་དབང་བློ་གྲོས། རབ་འབྱམས་ཆོས་རྗེ། སངས་རྒྱས་མཚན་ཅན། སྦྱིན་པ་གྲགས་པ། སངས་རྒྱས་རྒྱ་མཚོ། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས། དེས་བདག་ལའོ། ༈ །གཟའ་ཉི་མ་མདུང་གང་མའི་དམིགས་ཁྲིད་ཚད་ལྡན་ཞིག་ཐོབ་ཅིང་ཟླ་བ་གཅིག་གིས་ཉམས་ལེན་རྫོགས་པའི་བརྒྱུད་པ་ནི། གཟའ་མཆོག་རཱ་ཧཱུ་ལ། སྐྱེས་