[A:327]མཆོག་གཡའ་བཟང་པ་ཆེན་པོ། ཁམས་སྒོམ་ཉི་མ་རྒྱལ་མཚན། དོན་ཡོད་དཔལ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མདོ་སྟོད་པ་བརྩོན་འགྲུས་དཔལ། གཙང་ཉེག་པ་རིན་ཆེན་རྒྱལ་མཚན། དབེན་ས་བླ་མ་རིན་ཆེན་དཔལ་གྲུབ། ཆོས་རྗེ་སྟོན་དགེ་བ། ཆོས་རྗེ་དཀར་བཞུ་དར་བཟང༌། ཆོས་རྗེ་དོན་གྲུབ་གྲགས་པ་དཔལ་བཟང༌། སློབ་དཔོན་དཀའ་བཅུ་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་ལོ་ཆེན་ཆོས་སྐྱོང་བཟང་པོ། བར་འདིར་བླ་མ་གཅིག་གཉིས་ཤིག་མ་རྙེད། འཇམ་དབྱངས་བྱང་གླིང་ཆོས་རྗེ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང་ན་གཙང་ཉེག་པ་རིན་ཆེན་རྒྱལ་མཚན་ནས། སྣར་ཐང་བྱང་ཆེན་པ་བསོད་ནམས་བློ་གྲོས། ཆོས་རྗེ་དོན་གྲུབ་གྲགས་པ། དཀའ་བཅུ་བསོད་ནམས་གྲགས་པ་མན་འདྲ། ཡང་ན་བླ་མ་དམ་པ་ནས། གཙང་ཉེག་པ་རིན་ཆེན་རྒྱལ་མཚན་མན་འདྲ། ༈ རིན་ཆེན་གླིང་ནས་རིན་ཆེན་དུ་མ་ཡིས། །གྲུ་ཆེན་བཀང་ནས་རང་གནས་འབྱོར་པ་བཞིན། །རྡོ་རྗེ་གདན་འདིར་སྡོམ་གསུམ་ལེགས་བླངས་ནས། །དམ་ཆོས་མང་ཐོས་མི་ལུས་དོན་ལྡན་ངའོ། །ཐོབ་ཡིག་བུམ་པ་བཟང་པོ་ལས་མན་ངག་ཁྲིད་དང་ཁྲིད་ཙམ་ཐོབ་པའི་ལེའུ་སྟེ་བདུན་པའོ།། །།
༈ གྲུབ་པའི་དབང་ཕྱུག་བར་དོར་མཆོག་གི་དངོས་གྲུབ་བརྙེས་པ་ནག་པོ་སྤྱོད་པའི་རྣམ་འཕྲུལ། ཁྱབ་བདག་ཀུན་དགའ་གྲོལ་མཆོག་གིས། ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་སྡོམ་པའི་གླེགས་བམ་ནི། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་དགེ་བའི་དབང་པོའི་ཞལ་སྔ་ནས་ལ་ཁྲིད་ལུང་ལེགས་པར་ནོས་པའི་ཆོས་ཀྱི་རྣམ་གྲངས་ནི། ཨོཾ་སྭསྟི་སིདྡྷཾ་དང་པོ་ནས། བདེ་མཆོག་ལ་གནས་བཀྲ་ཤིས་ཤོག་གི་བར་རོ། །དེ་ཡང་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་གྱི་སྔོན་འགྲོ་ཀུན་ལ་སྦྱར་ནས། དངོས་གཞི་དང་