R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 331
[A:331]བའི་སྟོང་ཐུན་ལས་བཏུས་པ། ༈ རྣལ་འབྱོར་བཞྀ་རིམ་གྱི་ཁྲིད་གློ་བོ་ལོ་ཙཱ་བའི་ཁྲིད་ཡིག་ལས་བཏུས་པ། ༈ འཇིགས་བྱེད་ཀྱི་རྭ་ཁྲིད་སྐྱོའི་ཡི་གེ་ལས་བཏུས་པ། ༈ ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་རྗེ་བཙུན་གྲགས་པའི་ཁྲིད་ཡིག་ལས་བཏུས་པ། ༈ ཡུམ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་གསུང་རྒྱུན་བཞིན་སྙིང་པོ་དྲིལ་ནས་བྲིས་པ། ༈ དྲིལ་བུ་རིམ་ལྔའི་ཁྲིད་ཚོགས་སྒོམ་ཀུན་དགའ་དཔལ་གྱི་ཁྲིད་ཡིག་ལས་བཏུས་པ། ༈ ནག་པོ་རིམ་བཞིའི་ཁྲིད་རྗེ་ས་ཆེན་གྱི་རིམ་བཞི་ལམ་སློང་ལས་བཏུས་པ། ༈ བདེ་མཆོག་དཀར་པོའི་ཁྲིད་དཔྱལ་ཨ་མོ་གྷའི་ཁྲིད་ཡིག་ལས་བཏུས་པ། ༈ གདན་བཞིའི་ཁྲིད་རྔོག་ཞེ་སྡང་རྡོ་རྗེའི་ཡིག་རྙིང་ལས་བཏུས་པ། ༈ མཧཱ་མཱ་ཡའི་ཁྲིད་རྔོག་པའི་ཡིག་རྙིང་ལས་བཏུས་པ། ༈ བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ཞལ་ལས་འོངས་པ་ཉིད་ཉེ་བར་བྲིས་པ། ༈ ཕག་མོ་སྒོམ་དྲུག་གི་ཁྲིད་དཔྱལ་པའི་ཡིག་རྙིང་ཇི་ལྟ་བ་བཞིན་དུ་བཏུས་པ། ༈ ནཱ་རོ་ཆོས་དྲུག་གི་ཁྲིད་གསེར་ཞུན་མ་ལས་བཀོལ་ཏེ་བྲིས་པ། ༈ ནི་གུ་ཆོས་དྲུག་གི་ཁྲིད་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་དཔེ་ལས་བཏུས་པ། ༈ ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ལས་བཏུས་པ། ༈ ལམ་ཁྱེར་གསུམ་གྱི་ཁྲིད་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ལས་བཏུས་པ། ༈ སེམས་འཆི་མེད་ཀྱི་ཁྲིད་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ལས་བཏུས་པ། ༈ སུ་ཁ་ཆོས་དྲུག་གི་ཁྲིད་མཁྱེན་རབ་རྗེའི་ཁྲིད་ལས་བཏུས་པ། ༈ བདག་མེད་མའི་ནང་ཁྲིད་ཁྱུང་པོའི་ཡིག་རྙིང་ལས་བཏུས་པ༑ ༈ ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་རྒྱལ་སྲས་པའི་གསུང་ལས་རྒྱ་མ་བའི་ཟིན་བྲིས་མཛད་པ་ལས་བཏུས་པ། ༈ ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་སྤྱན་སྔ་བའི་ཁྲིད་ཡིག་ལས་བཏུས་པ། ༈ ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་ལས་བཏུས་པ། ༈ སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་རྗེ་རང་བྱུང་རྡོ་རྗེའི་ཁྲིད་ལས་བཏུས་པ། ༈ རླུང་