[A:332]སེམས་གཉིས་མེད་ཀྱི་ཁྲིད་ལྷ་གཟིགས་རས་པའི་ཁྲིད་དཔེ་ལས་བཏུས་པ། ༈ སྲས་མཁར་མའི་ཁྲིད་གཏེར་ཡིག་ནང་ནས་བཀོལ་ཏེ་བྲིས་པ། ༈ རྔོག་པའི་བསྲེ་འཕོའི་ཁྲིད་རྔོག་ཞེ་སྡང་རྡོ་རྗེའི་ཁྲིད་ལས་བཏུས་པ། ༈ སྙན་གྱི་ཤོག་དྲིལ་བཞིའི་ཁྲིད་མཚུར་དབང་གི་རྡོ་རྗེའི་ཡིག་རྙིང་ལས་བཏུས་པ། ༈ སྙན་རྒྱུད་ཀྱི་ཁྲིད་ཞང་ལོའི་ཁྲིད་ལས་བཏུས་པ། ༈ ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ ཞང་གི་ཟབ་རྒྱའི་ཁྲིད་ནི་ཞང་གི་ཟབ་རྒྱ་ནས་བཏུས་པ། ༈ དཔལ་ཆེན་རྒ་ལོའི་སྦྱོར་དྲུག་གི་ཁྲིད་བླ་མ་ཞང་མཚལ་པའི་ཁྲིད་ཡིག་ལས་བཏུས་པ། ༈ ཕག་གྲུའི་ཐེལ་ལུགས་སྐོར་གྱི་ཁྲིད་ཕག་གྲུའི་གསུང་འབུམ་ལས་བཏུས་པ། ༈ དགོངས་གཅིག་གི་ཁྲིད་རྡོ་རྗེའི་གསུང་ཞེ་བརྒྱད་པ་ལས་བཏུས་པ། ༈ སྟག་ལུང་པའི་ཆོས་དྲུག་གི་ཁྲིད་དཔལ་སྟག་ལུང་ཐང་པ་ཆེན་པོའི་ཁྲིད་ཡིག་ལས་བཏུས་པ། ༈ བླ་སྒྲུབ་ཀྱི་ཁྲིད་དཔལ་ལྡན་འབྲུག་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལོ་རས་ཐུབ་པ་ལྔ་ལྡན་གྱི་ཁྲིད་གྲྭ་དགའ་ལྡན་པའི་ཁྲིད་ལས་བཏུས་པ༑ ༈ རི་ཆོས་སྙིང་པོ་དྲུག་གི་ཁྲིད་རི་ཆོས་ཉིད་ལས་བཏུས་པ། ༈ མགོན་པོ་སྐུ་རགས་མའི་ཁྲིད་ཡིག་རྙིང་ན་དེ་ལྟར་བཏུས་པ། ༈ དཔལ་གུར་གྱི་མགོན་པོའི་ནང་ཁྲིད་ཡར་ལུངས་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་ནང་ལྟར་བཏུས་པ། ༈ དོ་ཧ་སྐོར་གསུམ་གྱི་ཁྲིད་པར་ཕུ་བའི་ཁྲིད་ཡིག་ལས་བཏུས་པ། ༈ གྲུབ་ཐོབ་ཆོས་དྲུག་གི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ པདྨ་ལམ་རིམ་གྱི་ཁྲིད་པདྨ་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ༌། ། ༈ རྒྱལ་པོ་བཀའ་འབུམ་གྱི་ཁྲིད་ལྷ་རྗེ་དགེ་བ་འབུམ་གྱི་ཁྲིད་ལས་བཏུས་པ། ༈ ནོར་བུ་མཐོང་གྲོལ་གྱི་ཁྲིད་བྲམ་པའི་ཁྲིད་ཡིག་ལས་བཏུས་པ། ༈ སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་ཀཱ་ལ་དུང་མཚོ་ནས་སྤྱན་དྲངས་པའི་དཔེ་རྙིང་ལས་བཏུས་པ། ༈ དེ་ལྟར་ཁྲིད་ཚུལ་བརྒྱ་དང་བརྒྱད་ཐོབ་པའི་བརྒྱུད་པ་རྒྱས་པ། མཁས་གྲུབ་དབང་པོ་ཀུན་དགའ་གྲོལ་