R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 334
[A:334]པའོ། །ཐ་མར༴ ཤེས་རབ་དང་ལྷག་མཐོང་དང་ཡེ་ཤེས་སོ། །གཞན་ཡང་དང་པོར་དགེ་བ་ནི། སངས་རྒྱས་ལ་མི་ཕྱེད་པར་དང་བའོ། །བར༴ ཆོས་ལ༴ ཐ་མར༴ དགེ་འདུན་ལ་མི་ཕྱེད་པར་དང་བས་འབྲས་བུ་ཐོབ་པའོ། །གང་དང་པོར་དགེ་བ་ནི་གཞན་ལ་ཉན་པའོ།། བར༴ ཚུལ་བཞིན་ཡིད་ལ་བྱེད་པའོ། །ཐ་མར༴ འཕགས་པའི་ཡང་དག་པར་བལྟ་བའོ།། གང་ཐོག་མར༴ སྡུག་བསྔལ་ཡོངས་སུ་ཤེས་ཤིང་ཀུན་འབྱུང་བ་སྤོང་བའོ། །བར༴ ལམ་སྒོམ་པའོ། །ཐ༴ འགོག་པ་མངོན་སུམ་དུ་བྱེད་པ་སྟེ། འདི་དག་ནི་ཉོན་མོངས་རྣམས་ཀྱི་ཐོག་མར་ཡང་དགེ །བར༴ ཐ་མར་ཡང་དགེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །བར༴ ཐེག་པ་ཆུང་ངུ་མི་འདོད་པའོ། །ཐ༴ ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བའོ། །གང་ཐོག༴ སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་བྱམས་པ་ཆེ་བའོ། །བར༴ སེམས་ཅན་ཐམས་ཅད་ལ་ཅི་བྱ་སྙམ་པས་སྙིང་རྗེ་བའོ། །ཐ༴ དགའ་བ་དང་བཏང་སྙོམས་མཉམ་པའི་སེམས་ཀྱི་རྟོག་པའོ། །གང་ཐོག༴ འཇུངས་པའི་སེམས་ཚར་གཅོད་པ་དང༌། ངང་ཚུལ་ངན་པ་སྤོང་བ་དང༌། གནོད་སེམས་སེལ་བ་དང༌། ལེ་ལོ་སྤོང་བ་དང༌། གཡེང་བ་མི་སྤྱོད་པ་དང༌། ཤེས་རབ་འཆལ་པ་སྤོང་བའོ། །བར༴ སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང༌། བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ཚོགས་བྱེད་པའོ། །ཐ༴ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ།། གང་ཐོག༴ བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་སྨིན་པའོ། །བར༴ ལུས་དང་སྲོག་ལ་མི་བལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཐ༴ སྐྱོན་མེད་པར་ལྟུང་བ་ཉིད་སྲུང་བའོ། །གནང་ཐོག༴ སེམས་ས་དང་མཚུངས་པ་མི་གཏོང་བས་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བར༴ འཇུག་པ་དང་ལྡོག་པའི་ཤེས་པས་ཕྱིར་མི་ལྡོག་པའི་