[A:411]པོ༑ བདག་མེད་མའི་མངོན་རྟོགས། ཞལ་གཉིས་མའི་སྒྲུབ་ཐབས། སྔགས་ཀྱི་དེ་ཉིད་བྱིན་རླབས། ཕག་མོ་ལས་བཅུ། རྩ་དབུ་མ། ཨརྒའི་ཆོ་ག །གཞན་ཕན་ཉེར་མཁོ། སྒྲོལ་མ་སྤྱི་སྒྲུབ་ལུས་དཀྱིལ་དང་བཅས་པ་མཆིམས་ཆོས་སེང་ལ་གནང་བ། ཁ་འབར་མའི་གཏོར་མ། དོན་ལྔ་སྔ་མ་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། འཇམ་རྒྱལ། བླ་མ་ཨ་མོ་གྷ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཁ༽ཡིག་གི་རྟགས་ཅན། མངོན་རྟོགས་ལྗོན་ཤིང༌། སྟོང་ཐུན་གཉིས་ཀྱི་བསྡུས་དོན། འགྲེལ་པ་དག་ལྡན། གུར་རྒྱན། གུར་གྱི་བསྡུས་དོན། རྣམ་འཇོམས་ཀྱི་རྒྱུད་བཤད་ལོ་ཆེན་ལུགས། དེའི་ས་བཅད་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་ཆེན་པོ། ས་པཎྜི་ཏ། ཞང་མདོ་སྡེ་དཔལ། འཇམ་སྐྱའོ། །བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཀཱ༽ཡིག་གི་རྟགས་ཅན། ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས། ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་ཆོག་ཡེ་ཤེས་སྣང་བའི་སྒྲོན་མ། རིགས་གསུམ་རིག་གཏད། ཕྱག་འཚལ་ཉེར་གཅིག་ལམ་གྱི་ཡན་ལག་དང་བཅས་པའི་བསྡུས་དོན། ཕྱག་འཚལ་ཉེར་གཅིག་གི་བསྡུས་དོན། ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད་གསལ་བའི་མེ་ལོང་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། བར་འདི་དཔྱད་དོ། ། བླ་མ་ཐུབ་པ་མགོན། བླ་མ་ཨ་མོ་གྷ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། ། ༼ཀི༽ཡིག་གི་རྟགས་ཅན། ངེས་བརྗོད་བླ་མའི་འཕྲུལ་འཁོར་བྲི་ཐབས། དྲིལ་བུ་རིམ་ལྔའི་ཊཱི་ཀ །ཚེས་བཅུའི་མཆོད་པ་བྱ་ཚུལ་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། བར་འདི་དཔྱད་དོ། །བླ་མ་ཨ་མོ་གྷ། མཁན་ཆེན་ཤེར་རྡོར་ [-] ནས་གོང་བཞིན་ནོ། །༼ཁེ༽ཡིག་གི་རྟགས་ཅན། ཕྱག་འཚལ་ཉེར་གཅིག་གི་མངོན་རྟོགས་ལམ་གྱི་མན་ངག་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་ཆེན་པོ། ས་སྐྱ་པཎ་ཆེན། བྱང་ཆུབ་དཔལ། བདེ་བ་དཔལ།