[A:412] གྲགས་པ་གཞོན་ནུ། མཁན་ཆེན་བསོད་གྲགས་པ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །འདི་ལ་ཁི་འདུག་ཀྱང་ཁི་གོང་དུ་སོང་བས་ཁེ་འཐད་དོ། །༼ཁཱི༽ཡིག་གི་རྟགས་ཅན། སྒྲོལ་མ་མཎྜལ་བཞི་པའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། བར་འདི་སླར་དཔྱད་དོ། །མཁན་ཆེན་ཤེས་རབ་རྒྱལ་མཚན། གྲུབ་པ་དཔལ་བཟང་པོ། བླ་མ་བཟང་པོ་པ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཁཱ༽ཡིག་གི་རྟགས་ཅན། སྒྲོལ་མ་སྤྱིའི་སྒྲུབ་ཐབས། སོ་སོའི་མངོན་རྟོགས། བསྟོད་པ་འདོན་ཐབས་ཀྱི་བརྗེད་བྱང་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། འཇམ་གསར། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ །མཁན་པོ་བསོད་གྲགས་པ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཁུ༽ཡིག་གི་རྟགས་ཅན། ནག་པོ་དཀྱིལ་ཆོག །དེའི་དཀའ་འགྲེལ་གཉིས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་དཔལ། བྲག་ཕུག་པ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ག༽ཡིག་གི་རྟགས་ཅན། དྲིལ་བུ་པའི་མངོན་རྟོགས། མཚན་བརྗོད་འདོན་ཐབས། སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་གྲགས་པ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ང༽ཡིག་གི་རྟགས་ཅན། གཉན་སྒྲོལ་ཡན་ལག་དྲུག་པའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཤར་པ་ཤེར་འབྱུང༌། རྡོ་རྗེ་འོད་ཟེར། འཇམ་དབྱངས་རིན་རྒྱལ། གཞོན་ཚུལ་བ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། ། ༼ཅ༽ཡིག་གི་རྟགས་ཅན། དོན་ཞགས་ལག་ལེན། མཎྜལ་བྱ་ཚུལ། སྲུང་འཁོར་བྱ་ཚུལ་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། རྩང་པོ་ཞོ་ར། ལ་རུ་བ།