[A:413] གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་དང་མ་བ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཆ༽ཡིག་གི་རྟགས་ཅན། དཔའ་བོ་གཅིག་སྒྲུབ་ཀྱི་ཊཱི་ཀའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཤངས་པ་བསོད་རིན། སློབ་དཔོན་གཟུངས་པ། རིན་པོ་ཆེ་བསོད་ནམས་དབང་ཕྱུག །མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཇ༽ཡིག་གི་རྟགས་ཅན། སྒྲོལ་མ་ཉིན་ཞི་མཚན་ཁྲོའི་བརྒྱུད་པ་ནི༑ རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཤེར་འབྱུང༌། ཡེ་རྒྱལ། དཀོན་མཆོག་འབྱུང་གནས། ཡེ་ཤེས་མགོན་པོ། སེང་གེ་རྒྱལ་མཚན། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ༑ ༑༼ཉ༽ཡིག་གི་རྟགས་ཅན། ཧེ་རུ་ཀའི་ཆས་དྲུག །རབ་གནས་དོན་གསལ། གཏོར་མ་བརྒྱ་རྩའི་རིམ་པ་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། མདོ་སྡེ་དཔལ། འཇམ་སྐྱའོ། །བླ་མ་དཔལ་ལྡན་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། ། ༼ཏ༽ཡིག་གི་རྟགས་ཅན། རྡོ་རྗེ་འབྱུང་བའི་ཊཱི་ཀའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། སྤྲུ་ལུང་པ། ཞང་དཀོན་དཔལ། སློབ་དཔོན་རིན་ཆེན་དཔལ། བླ་མ་རྒྱལ་པོ་དཔལ། རྒྱལ་སྲས་ཐོགས་མེད། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼ཐ༽ཡིག་གི་རྟགས་ཅན་གོང་དུ་སོང་ལ། ད་ནི་བཅུ་གཅིག་པ། ༼ད༽ཡིག་གི་རྟགས་ཅན་ཀྱེ་རྡོར་བསྟོད་པ་དཎྜ་ཀ །དུས་མཐའི་ཆོ་ག་གཞན་ཕན་བདུད་རྩི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བདུན་རྣམས་ཀྱི་བརྒྱུད་པ་ནི། རྗེ་བཙུན་གྲགས་པ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། ཅོག་རོ་སྟོན་གཞོན། ཆོས་བརྩོན། བླ་མ་སངས་རྒྱས་རིན་ཆེན། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ཏེ། དེ་ལྟར་རྗེ་བཙུན་དཀར་པོ་རྣམ་གསུམ་གྱི་བཀའ་འབུམ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་བླ་མ་མང་པོ་ལས་ལུང་བླངས་ཤིང་ཐམས་ཅད་ཐེག་ཆེན་ཆོས་རྗེ་ལ་འདུས། དེ་ལ་