R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 436
[A:436]ས་པཎ། འཕགས་པ་རིན་པོ་ཆེ། བླ་ཆེན་རོང་པ། བླ་མ་ཤེས་རབ་སེང་གེ །བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག །བྲག་ནག་པ་དཔལ་ལྡན་ལེགས་དབང༌། བྲག་ཐོག་པ། ཀུན་མཁྱེན་འཇིགས་མེད་དཔའ་བོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེའི་བཀའ་དྲིན་ལས་ཕྲིན་ལས་པའོ། །
གུར་ལྕམ་དྲལ་ལྟར་སྦགས་ཏེ་སྒྲུབ་པའི་བསྙེན་སྒྲུབ་ལས་གསུམ་ནི།
མགོར། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁྱེན་བརྩེའི་བདག་ཉིད་དཔལ་ལྡན་བླ་མ་དང༌། །ནས། རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཆུ་ཕོ་བྱི་བའི་ལོ་ལ་མི་ཉག་ཡུལ་དུ་སྦྱར་བ་རྫོགས་སོ། །མཐའ་ཅན། འདིའི་བརྒྱུད་པ་ནི། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ༑ ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། མཁན་ཆེན་བྱང་སེང་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ། འབྲི་ཁུང་མཁན་ཆེན་རྣམ་རྒྱལ་མགོན་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང༌། འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་བྱང་སེང་པའི་གནས་སུ༑ བླ་མ་དམ་པ་དང༌། ས་བཟང་པའང་འདུག །གཞན་ཡང་བརྒྱུད་སྲོལ་གཉིས་ཙམ་ཡོད།
ཡང་གུར་མགོན་ལྷ་གསུམ་སྦགས་བསྒྲུབ་ནི།
མགོར། ཨོཾ་སྭསྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་མཆོད་གཏོར། ནས། འཕགས་པས་བྲིས་ནས་ཇིམ་གྱིན་ལ་ཕུལ་བའོ། །མཐའ་ཅན་དང༌། འདིའི་ལུང་ཐོས་