R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 437
[A:437]པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། ས་ཆེན། སློབ་དཔོན། རྗེ་བཙུན། པཎ་ཆེན། འཕགས་པ་རིན་ཆེན་ཡན་བསྙེན་སྒྲུབ་ལས་གསུམ་བཞིན་དང༌། འཕགས་པ་རིན་པོ་ཆེ་མན་ཀྱང་འདྲ་བ་ལས། བླ་མ་རྣམ་རྒྱལ་བཀྲ་ཤིས། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། །འདི་ཙམ་གྱིས་ཀྱང་སྐབས་ཀྱི་དོན་གྲུབ་འགྱུར་གྱི། མཐའ་ཅན། བསྟོད་འབུམ་ཞབས་བཏགས་མ། གུར་གྱི་མདོས་ཆོག་གནམ་ལྕགས་འབར་བ། མགོན་པོ་རྣམ་རོལ་ལ་མཁོ་བའི་ཐིག་རྩ་སྨྲས་སོའི་མཐའ་ཅན། གྲི་གུག་ལྷ་ལྔ་ཐུན་མོང་མིན་པའི་ཟུར་འདེབས་ཞལ་བཞི་པའི་གཏོར་ཆེན་དང་པུ་ཏྲ་མིང་སྲིང་རུ་འདྲེན་དང་བཅས་པའི་འཆམས་ཡིག་ལག་ལེན་ལ་འདྲིས་པར་བྱའོ། །མཐའ་ཅན། དེ་དག་གི་ལུང་ཐོས་པའི་བརྒྱུད་པ་ནི། མཛད་པ་པོ་ཐམས་ཅད་མཁྱེན་པ་སྔགས་འཆང་འཇིགས་མེད་དཔའ་བོ། ཐུགས་སྲས་ཀུན་དགའ་རྒྱལ་པོ། བླ་མ་བསོད་ནམས་མཆོག་ལྡན། དེ་གཉིས་ཀར་སྔགས་འཆང་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་ཕྲིན་ལས་རྣམ་རྒྱལ་ལ་སྩལ་ལོ། །
གཉན་མགོན་གྱི་སྒྲུབ་བསྐོར་ཕྲན་བུ༑
མགོར། སྭསྟི། ཏཱ་ར་ལ་ན་མོ། ཙ་ཏུར་མུ་ཁའི་ཚེ་སྤེལ་བ། ནས། སྙན་བརྒྱུད་ཡི་གེར་བཀོད་པ་ཨྠིྀ། མཐའ་ཅན། མགོར། ཏཱ་ར་ལ་ན་མཿ དཀར་སེར་དམར་ནག་བཞི་ཀ་ལ། ནས། ཡོད་པའི་སྐད་ཀྱང་མི་བྱ་བས་གསང༌། དང༌། རྡོ་རྗེ་གདན་བླ་བྲང་ཕྱག་དཔེ་ནས་བཤུས་པ་ལས་མཆེད། མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ།། ནག་པོ་ཆེན་པོ་གདོང་བཞི་པའི་ཕྲིན་ལས་བསྒྲུབ་པའི། ནས། སྔགས་འཆང་ཀུན་དགའ་