R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 438
[A:438]བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས་ཕོ་བྲང་ཏའི་ཏུའི་ཧཱའི་སྡེ་ཆེན་པོར་སྦྱར་བའོའི། མཐའ་ཅན།
མགོར། འཁོར་འདས་བདེ་སྐྱིད་མ་ལུས་འབྱུང་བའི་གནས། །ནས། དགེ་བར་གྱུར་ཅིག །མཐའ་ཅན། བརྒྱུད་པ་གུར་པོད་བཞིན།
༼ན༽ ༈ ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་བོད་གངས་ཅན་གྱི་ལྗོངས་འདིར། སེམས་ཅན་གྱི་དོན་དུ་ཕེབས་པའི་མཁས་གྲུབ་དམ་པ་རྣམས་ཀྱི་བཀའ་འབུམ་ལས། ལུང་ཕྲན་ཚེགས་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒང་པོའི་མ་ཎི་བཀའ་འབུམ་སྟོད་ཆ་སྨད་ཆ་ལ་པུསྟ་ཀ་རེ་མངའ་རིས་རྫོང་དཀར་གྱི་སྤར་མའི་སྟེང་ནས་ཡོངས་རྫོགས་ལ། བརྒྱུད་པའི་གསོལ་འདེབས། བཀའ་འབུམ་བསྐོར་གསུམ་གྱི་ས་བཅད་ཁ་བྱང་དང་བཅས་པ། མདོ་སྐོར་ཞེས་པ་ཞལ་གདམས་ལོ་རྒྱུས་ཆེན་མོ༑ སྒྲུབ་ཐབས་ཕྲན་ཚེགས་ལས་ཚོགས་སུམ་ཅུ་རྩ་དྲུག །སུམ་སྐོར་རྩ་བ་ཅིག་སྐོར། བཤད་ཐབས་ཀྱི་ཡན་ ཡག་ལག་དང་བཤད་འགྲོལ་ཆེན་མོ། རྒྱལ་པོའི་སྐྱེས་རབས་ཉི་ཤུ་རྩ་གཅིག་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱལ་བུ་འཇིག་རྟེན་དབང་ཕྱུག་ཏུ་སྐྱེ་བ་བཞེས་པ། རྒྱལ་པོ་ཡབ་ཡུམ་ཐུགས་ཀར་ཐིམ་ཚུལ། ཐུགས་རྗེ་ཆེན་པོའི་ལས་ཚོགས་ཏེ་མདོར་ན་སྟོད་ཆ་སྨད་ཆ་ཞེས་པའི་པོ་ཏི་གཉིས་
ལ་དབུ་ཤོག་ལྔ་ཡོད་པ་མྱ་ངན་དང་བྲལ་བར་གྱུར་ཏོའི་བར་
ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། པདྨ་འབྱུང་གནས། གྲུབ་ཐོབ་མྱང་དངོས་གྲུབ། ཡང༌། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཐུ་མི་སཾ་བྷོ་ཊ། གྲུབ་