R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 135
[A:135]སི་ལ་བཛྲ་དང༌། །སྤངས་རྟོགས་དབྱེར་མེད་ལུས་
ཡན་ལག་མེད་པའི་རྡོ་རྗེ་ཡང་ངོ་
མེད་རྡོ་རྗེ་དང༌།། བདེ་སྟོང་དབྱེར་མེད་མཚོ་སྐྱེས་རྡོ་རྗེའི་ཞབས། །གསལ་སྟོང་དབྱེར་མེད་ཨིནྡྲ་བྷཱུ་ཏི་བ། ། སྣང་སྟོང་དབྱེར་མེད་ལྕམ་མོ་ལཀྵྨི། །ཟབ་གསལ་དབྱེར་མེད་ནག་པོ་སྤྱོད་པ་བ། །འཁོར་འདས་དབྱེར་མེད་བྲམ་ཟེ་དཔལ་འཛིན་པ། །དབྱེར་མེད་ཀུན་སྟོན་ག་ཡ་དྷ་ར་བ། ། དབྱིངས་རིག་དབྱེར་མེད་ཤཱཀྱ་ཡེ་ཤེས་ཞབས། །འགྱུར་མེད་བདེ་བ་བརྙེས་པའི་སེ་སྟོན་པ༑ ༑རྡོ་རྗེ་རྦ་རླབས་ཐོབ་པའི་དགོན་པ་བ། །མྱུར་མགྱོགས་ཕོ་ཉའི་ལམ་སྟོན་ས་ཆེན་པ༑ ༑བྱང་སེམས་གྱེན་དུ་རྫོགས་པ་རྩེ་མོའི་ཞབས། །ཡེ་ཤེས་གཏུམ་མོ་འབར་བའི་རྗེ་བཙུན་པ། །རླུང་སེམས་དབང་དུ་འདུས་པའི་པཎྜི་ཏ། །གསུང་ངག་ཉི་མ་ཤར་བའི་འགྲོ་མགོན་པ། །ཉམས་མྱོང་ཟླ་བ་རྒྱས་པའི་དཀོན་མཆོག་དཔལ། །མཁའ་མཉམ་ལྟ་བ་མངའ་བའི་ན་བཟའ་བ། །ཉམས་དང་རྟོགས་པའི་མངའ་བདག་དཀོན་རྒྱལ་བ། །འཁོར་འདས་ཀུན་གྱི་གཙུག་རྒྱན་བུ་སྟོན་
དབང་ཕྱུག་དར་
པ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐེག་ཆེན་པ། །སྲིད་ཞིའི་རྒུད་པ་དྲུངས་འབྱིན་བྲག་ཐོག་པ། །སྣང་སྲིད་ཀུན་ལ་མངའ་བསྒྱུར་རྡོར་གདན་པ། །མཁས་གྲུབ་ཀུན་གྱིས་རྗེས་བཟུང་རྣམ་མགོན་སྡེ། །ཡེ་ཤེས་ཚོགས་རྫོགས་
འབྲས་མོ་མཆོད་ཁང་
བསོད་ནམས་རྒྱ་མཚོ་བ། །བསྟན་སྲུང་བྲན་འཁོལ་ཚེ་དབང་བཀྲ་ཤིས་པ། །ཤེས་བྱའི་གནས་ལ་ཚེ་དབང་ཀུན་མཁྱེན་པ། །རིགས་བརྒྱའི་ཁྱབ་བདག་ཡེ་ཤེས་དབང་པོ་བ། །བསྟན་པའི་ཤིང་རྟ་ཤཱཀྱ་བསམ་གྲུབ་པ། །སྐྱབས་གནས་ཀུན་འདུས་ཚུལ་ཁྲིམས་བཀྲ་ཤིས་ཞབས། །བླ་མར་ཉེས་སྐྱོན་མ་མཐོང་ཕྲིན་ལས་པར། །ཡང་ན་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། གངས་ཁྲོད་པ་གྲགས་པ་དཔལ། མཁས་གྲུབ་འཕགས་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་པའོ། །ཡང༌། གངས་པ། ས་བཟང་པ། ཐེག་ཆེན་པ། ཡང༌། ས་པཎ། གྲུབ་ཐོབ་ཡོན་ཏན་དཔལ། ལ་རུ་བ་བསོད་ནམས་སེང་