R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 136
[A:136]གེ ༑གངས་པའོ། ༈ །མཆོད་རྟེན་དྲུང་ཐོབ་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་གི་གསལ་བྱེད་རྗེ་བཙུན་གྲགས་པས་མཛད་པའི་བརྒྱུད་པ་ནི། མི་རྟོག་རྣམ་ཀུན་མཆོག་ལྡན་རྡོ་རྗེ་འཆང༌། །ཡེ་ཤེས་མཐར་ཕྱིན་ཕྱག་ན་རྡོ་རྗེའི་དཔལ། །ཕྱག་རྒྱ་ཆེན་པོའི་མངའ་བདག་ས་ར་ཧ། །རྣམ་པར་མི་རྟོག་མཐར་ཕྱིན་ཀླུ་སྒྲུབ་ཞབས། །བརྗོད་མེད་ཐུགས་སུ་ཆུད་པའི་འཕགས་པ་ལྷ། །མཉམ་ཉིད་མངོན་དུ་གྱུར་པའི་ནག་པོ་པ། །ཆོས་དབྱིངས་མཁའ་ལ་སྤྱོད་པའི་ཟླ་བའི་ཞབས། །ཐུགས་རྒྱུད་དབུ་མས་གྲོལ་བའི་དཔལ་འཛིན་པ། །གདམས་ངག་མཛོད་འཛིན་ག་ཡ་དྷ་ར་བ། །གཞན་རྣམས་སྔར་དང་འདྲའོ། ༈ །ཌོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ཕྱག་རྒྱའི་མཚན་ཉིད་གནད་ཁྱད་པར་ཅན་དང་བཅས་པ་ཚན་གསུམ་གྱི་བརྒྱུད་པ་ནི། ཆོས་ཀུན་ལྷན་སྐྱེས་རྟོགས་པ་རྡོ་རྗེ་འཆང༌། །འཁོར་འདས་ལྷན་སྐྱེས་དབྱེར་མེད་ཌཱ་ཀི་ནི། །དབྱིངས་རིག་ལྷན་སྐྱེས་རྟོགས་པའི་ཌོཾ་བྷི་བ། །བདེ་སྟོང་ལྷན་སྐྱེས་ཨ་ལ་ལ་བཛྲ། །སྣང་སྟོང་ལྷན་སྐྱེས་རྟོགས་པའི་ནགས་ཁྲོད་པ། །གསལ་སྟོང་ལྷན་སྐྱེས་མངོན་གྱུར་གརྦྷ་རི། །རིག་སྟོང་ལྷན་སྐྱེས་ཤྲཱི་པན་དྷ་པ། །ལྷན་སྐྱེས་སྤང་བླང་མེད་པའི་མི་ཐུབ་ཟླ། །སྣོད་བཅུད་ལྷན་སྐྱེས་རིག་པའི་དཔའ་རྡོར་རྗེ། །བདག་གཞན་ལྷན་སྐྱེས་དབྱིངས་མཉམ་ག་ཡ་དྷར། །སྐད་མང་ལྷན་སྐྱེས་སྨྲ་བ་འབྲོག་མིའི་ཞབས། །དེ་མན་གོང་བཞིན་ནོ། །ཡང༌། འབྲོག །གསལ་སྙིང༌། སྒྱི་ཆུ་བ། ས་ཆེན། ངོ་མཚར་སྣང་བར། ལྷན་ཅིག་སྐྱེས་གྲུབ་འབྲོག་གིས་ཤེས་རབ་གསང་བར་གསན་གསུང་བ་བརྟག་གོ །འདི་གསལ་བྱེད་ས་ཆེན་གྱི་ཡིན་ནམ་སྙམ་མོ། ༈ །ཨིནྡྲ་བྷཱུ་ཏིའི་ཕྱག་རྒྱ་ལམ་རྫོགས་ཀྱི་བརྒྱུད་པ་ནི། མཐར་ཐུག་ཕོ་ཉ་གྲུབ་པ་རྡོ་རྗེ་འཆང༌། །ཡེ་ཤེས་ཕོ་ཉ་གྲུབ་པ་བདེ་ཆེན་པོ། །དེ་སྟོབས་མཐར་ཕྱིན་ཨིནྡྲ་བྷཱུ་ཏིའི་ཞབས། །དེ་ཉིད་ཕོ་ཉ་གྲུབ་པ་ཚངས་པའི་ཞབས། །དེ་ཉིད་ཕོ་ཉ་རབ་མཆོག་བྲམ་ཟེ་མོ། །དེ་ཡི་ནུས་པ་མཐར་ཕྱིན་ཨིནྡྲ་བ། །གསང་ཆེན་ཕོ་ཉ་