R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 142
[A:142]འཁོར་བཅུ། གཙོ་བོ་འཕོ་བའི་དབྱེ་བས་དྲུག་ཅུ་རྩ་གཉིས་ལས་གུར་རིགས་བསྡུས་ལྷ་བཞི་བཅུ་ཞེ་ལྔའི་
སློབ་མའི་དབང་དང་
རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། བླ་མ་དམ་པའི་མངོན་དཀྱིལ་དང༌། ངག་འདོན་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་མཛད་པའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ༑ ཌོམྦྷི་ཧེ་རུ་ཀ །ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་རྒྱལ་བ་དཔལ་ཡེ་ཤེས། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ་ཤེས་རབ་དབང་པོ་མཛེས་པ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་བླ་འབར། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། བླ་མ་བག་སྟོན། བླ་མ་བསམ་གཏན་གྲུབ། བླ་མ་ཚུལ་རྒྱལ་བ། བླ་མ་ངག་དབང་པ། མཁན་ཆེན་བྱང་ཆུབ་སེང་གེ ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལམཁས་གྲུབ་རྣམ་རྒྱལ་རིན་ཆེནའཇམ་དབྱངས་བྱང་ཆུབ་དབང་རྒྱལཡོངས་འཛིན་ཤཱཀྱ་ཀུན་དགའམཚུངས་མེད་ཡེ་ཤེས་དབང་པོརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
འདོ་པ་ཆོས་རྗེ་དགེ་བའི་དབང་པོ། མཁན་ཆེན་ངག་དབང་སྦྱིན་པ། བྱམས་པ་ངག་དབང་རབ་བརྟན། མཁན་ཆེན་ཆོས་དབང་རྒྱ་མཚོ། བསྐལ་བཟང་ཡོན་ཏན་ལྷུན་གྲུབ། མཁན་ཆེན་ཡེ་ཤེས་རྣལ་རྒྱལ། གསུམ་ལྡན་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་དབང་ཚུལ་ཁྲིམས་རྒྱལ་མཚན་ལའོ། །
དེས་བདག་ཕྲིན་ལས་པ་ལའོ། །ལ་ལར་ཐེག་ཆེན་ཆད་པ་འདིར་བཅུག་ཡོད། ཡང༌། འབྲོག་མི་ནས་འཁོན་དཀོན་མཆོག་རྒྱལ་པོ་བྱས་ཀྱང་རུང༌། སྒྱི་ཆུ་བ་ནས་ས་ཆེན་བྱས་ཀྱང་རུང༌། ཡང་ན། ས་ཆེན། ཁམས་པ་ནེ་ཚོ་སྦས་སྟོན།