R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 176
[A:176]བསམ་འཕེལ་ལ། བྱང་གླིང་པ་ཆོས་རྗེ་དབོན་རྒྱལ་བས་མཛད་པའི་ལྷན་ཐབས་སྦྱར། དབང་ཆོག་གསལ་བྱེད་རྒྱས་པ་ཤར་ཆེན་སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱ་མཚོས་མཛད་པ་དང༌། བསྡུས་པ་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་མཛད་པའམ། ཆོས་རྗེ་དབོན་རྒྱལ་བས་མཛད་པའི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་རྡོ་རྗེ་སློབ་མའི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་སོགས་ཕྱག་རྒྱ་གསང་བར་གདམས་པ། དཀྱིལ་འཁོར་མཆོད་པ། བཙའ་རུའི་བཟའ་བའི་བར་སྨིན་རྒྱས་སུ་ཐོབ་པའི་སྨད་ལུགས་སུ་གྲགས་པའི་དབང་གི་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། དཔལ་རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རྒྱལ་བུ་སྒྲ་གཅན་འཛིན། དཔའ་བོ་ཏ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། དེ་བཞི་ཀ་ལ་སློབ་དཔོན་ཀུན་དགའ་སྙིང་པོ། པྲཛྙཱ་ཝ་ལི་ཏ། རབ་འབྱོར་སྐྱངས། ཤྲདྡྷ་ཀཱ་ར་ཝརྨ། སངས་རྒྱས་ཞི་བ། བོད་ཡུལ་མུན་པའི་སྒྲོན་མེ་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། དེ་གཉིས་ཀ་ལ་སྒྱང་རོ་བ་རྐྱང་པོ་ཆོས་བློས་གསན། མཁྱེན་རབ་ཆོས་རྗེ་དང༌། རིན་ཆེན་རྒྱ་མཚོའི་གསན་ཡིག་ན། རྐྱང་པོ་ཆོས་བློ་ལ། སུམ་སྟོན་གྱིས་གསན་འདུག །ལོ་ཆུང་ལ་སུམ་སྟོན་ཡེ་འབར་དང༌། ལྕེ་ཞར་བ་གཉིས་ཀྱིས་གསན། དེ་གཉིས་ལ་སྟག་ཚལ་གདོང་སྔོན་གྱི་སྤྲུ་སྟོན་འབར་ཐོག །རོ་སྨད་ལྷ་སྟེང་གི་རྩངས་ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་སེང༌། ལྕེ་མདོ་སྡེ་སེང་གེ །ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ། མཁས་གྲུབ་ལོཙྪ་བ་རིན་ཆེན་རྣམ་རྒྱལ། ལྕཻེ་བཙུན་རིན་ཆེན་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། སྐུ་ཞང་བསོད་ནམས་མཆོག་གྲུབ། བྱང་གླིང་འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན། ལྷ་འོ་བ་རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ་དཔལ་བཟང་པོ། དེས་མཁན་