R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 177
[A:177]རིན་པོ་ཆེ་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་ཕྲིན་ལས་པ་ལའོ། ། ༈ ཟངས་དཀར་ལུགས་ནི། ཡང༌། བཅོམ་ལྡན་འདས་རྣམ་སྣང༌། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི་ཆེ་བ། བར་མ། ཆུང་བ། འཕགས་པ་ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། རབ་དབྱིངས་བཤེས་གཉེན། པདྨ་ཀཱ་ར། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་ཤེས། ཟངས་དཀར་ལོ་ཙཱ། འཕགས་པ་ཤེས་རབ་བམ་གཞོན་ནུ་ཚུལ་ཁྲིམས། ཀློག་སྐྱ་སེང་གེ་རྒྱལ་མཚན་ལ། སྤྱང་ཚང་སྟོན་པ་རྩེ་མོ་དང༌། ཇོ་ཤེས་གཉིས་ཀྱིས་གསན། དེ་གཉིས་ལ་རྩངས་ཡང་དག་རྡོ་རྗེ། རྩངས་སྟོན་སྨྲ་སེང་མན་འདྲ། ཡང་ན། ཆོས་འོད་ལ། ལྕེ་བློ་ལྡན་སེང་གེ །འཕགས་འོད་ཡོན་ཏན་རྒྱ་མཚོ་མན་འདྲ། ཡང་ན་བྱང་གླིང་འཇམ་དབྱངས་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ཆོས་འཁོར་བ་རྗེ་བསོད་ནམས་དཔལ་འབྱོར། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང་ན། བྱང་གླིང་འཇམ་པའི་དབྱངས། རིན་ལྡིང་པ་སངས་རྒྱས་ཚེ་དཔལ། མཁན་ཆེན་ནམ་མཁའ་ཆོས་ལྡན། དུས་འཁོར་བ་བཀྲ་ཤིས་རྒྱལ་མཚན། དེ་གཉིས་ལ་རྩ་བའི་བླ་མ། དེས་བདག་གོ །ཡང་ན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཆོས་རྗེ་བཀྲ་ཤིས་དཔལ་འབྱོར། བྱང་གླིང་འཇམ་པའི་དབྱངས་མན་འདྲ། ཡང་ན་མཁྱེན་རབ་ཆོས་རྗེ། སྐུ་ཞང་བསོད་ནམས་མཆོག་གྲུབ། ཆོས་རྗེ་འབྲོག་སྒང་པ་དོན་གྲུབ་རྒྱལ་མཚན། དེ་གཉིས་ལ་བྱང་གླིང་འཇམ་པའི་དབྱངས་མན་འདྲ། ཡང་ན་མཁྱེན་རབ་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། ཆོས་རྗེ་བཀྲ་ཤིས་དཔལ་འབྱོར། བྱང་གླིང་འཇམ་པའི་དབྱངས་མན་འདྲ། ༈ སྟོད་ལུགས་སུ་གྲགས་པའི་དབང་བརྒྱུད་ནི། རབ་འབྱོར་སྐྱངས། དྷརྨ་པཱ་ལ། འཇིག་རྟེན་མིག་མཁན་ལོ་ཙཱ་བ་རིན་ཆེན་བཟང་པོ། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར།