R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 178
[A:178] རྩ་སྐྱ་སྟོན་པ་དཀོན་མཆོག་གྲགས། སློབ་དཔོན་ཤཱཀྱ་འབུམ། རྩ་སྐྱ་སྟོན་པའང་ཟེར། དབུས་པ་སངས་རྒྱས་འབུམ། བླ་མ་ཆོས་སྐུ་འོད་ཟེར། འཕགས་འོད་མན་འདྲ། ཡང་ན། སྣུར་ཉི་མ་འོད་ཟེར། སྣུར་བཛྲ་སིང་ཧ། གླན་ཆོས་འབྱུང༌། སློབ་དཔོན་ཤཱཀྱ་འབུམ། རྩ་སྐྱ་ཁྲི་སྟན། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས་རྒྱལ་མཚན། འཕགས་འོད་མན་འདྲ། ༈ ཁ་ཆེ་ལུགས་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་ཏ་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི་དང་བཞིས་ཨཱ་ནནྟ་གརྦྷ་ལ་གནང༌། དེ་ནས་པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤྲདྡྷ་ཀ་ར་ཝརྨ། བོད་ཡུལ་སྣང་བྱེད་ལོ་ཆེན་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། སུམ་སྟོན་ཡེ་ཤེས་འབར། ལྕེ་ཞར་བ༑ སྤྲུ་སྟོན་འབར་ཐོག །རྩངས་ཡང་དག་རྡོ་རྗེ། རྩངས་སྨྲ་སེང་མན་འདྲ། ༈ དབུས་འགྱུར་འཆང་ལུགས་ཀྱི་བརྒྱུད་པ་ནི། མུཀྟི་ཀོ་ཥ། སངས་རྒྱས་ཞི་བ། བསྟན་པའི་སྲོལ་གཏོད་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། དེ་གཉིས་ཀ་ལ་རྐྱང་པོ་ཆོས་བློ་མན་འདྲ། རྩ་བའི་བླ་མ་དམ་པ་འདི་ཉིད་ཀྱིས། ཉི་གླིང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ལ་ཡང་གསན་ནོ། ༈ །གཉིས་པ་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་ལས་དངོས་སུ་དཀྱིལ་འཁོར་དགུ་གསུངས་པའི། རྡོ་རྗེ་རྩེ་མོ་རིགས་ཐམས་ཅད་བསྡུས་པ་གསང་བ་མཆོད་ཆེན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་ལ། བསྐུར་ཆོག་ཀུན་མཁྱེན་བུའི་དཀྱིལ་ཆོག་མཁས་པའི་ཡིད་འཕྲོག་ནས་ཁ་བསྐང་སྟཻ་དབང་རྫོགས་པར་ཐོབ་པའི་གཞིའི་དཀྱིལ་འཁོར་སྒོ་ཉིས་སྦྲག །དབུས་དཀྱིལ་ལ་རྣམ་སྣང་ལྷ་སུམ་ཅུ་རྩ་གསུམ། ཤར་དུ་སངས་རྒྱས་གཟུགས་ཅན་ལྷ་སོ་གསུམ། ལྷོར་སངས་རྒྱས་ཉི་མ་ལྷ་སོ་གསུམ། ནུབ་ཏུ་སངས་རྒྱས་སྣ་ཚོགས་གཟུགས་ཅན་ལྷ་སོ་གསུམ། བྱང་དུ་སངས་རྒྱས་ཆོས་འཛིན་རྒྱལ་པོ་ལྷ་སོ་གསུམ། ཤར་ལྷོར་ཟླ་བའི་དཀྱིལ་