R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 185
[A:185]ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རིན་ཆེན་རྒྱལ་པོ། སྐུ་ཞང་རིན་ཆེན་བསོད་ནམས་མཆོག་གྲུབ། བྱང་གླིང་རིན་ཆེན་བཀྲ་ཤིས་རྒྱལ་མཚན། དཔལ་ལྡན་ཆོས་བཟང༌། ལྷ་བོ་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཤཱཀྱའི་དགེ་སློང་ཕྲིན་ལས་རྣམ་རྒྱལ།
རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །མཁན་ཆེན་ཀུན་དགའ་ཆོས་འཕེལ། བྱམས་པ་ཀུན་དགའ་བརྩོན་འགྲུས། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཝཱ་གི་མིང་ཅན་ལའོ། །
ཡང༌། སྣུར་ཉི་ནས། སྤྲུ་སྟོན་འབར་ཐོག །རྩངས་ཡང་དག་རྡོ་རྗེ། དེ་སྲས་འབྱུང་གནས་སེང་གེའམ་སྨྲ་སེང༌། ལྕེ་མདོ་སྡེ་སེང་གེ །ཆོས་འོད། ལྕེ་བློ་ལྡན་སེང་གེ །འཕགས་འོད། བུ་སྟོན་རིནཆེན་གྲུབ། དེ་གཉིས་ཡོ་ག་སྟོད་ལུགས་སོ། །སྨད་ལུགས་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། དེའི་སློབ་མའི་མཆོག་བཞི་ནི། པད་དཀར་ཡེ་ཤེས། ཡེ་ཤེས་རྡོ་རྗེ། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ༑ ཉི་མའི་སྙིང་པོ། དེ་བཞིས་རྒྱལ་རིས་ས་ར་ཧ་པ་ཀུན་དགའ་སྙིང་པོ་ལ་གསུངས། དེ་ནས་ཐ་ག་ན་པ། ངག་དབང་གྲགས་པ། བྷ་ལེནྡྲ་ཤཱནྟི། མི་བསྐྱོད་རྡོ་རྗེ། ཤྲདྡྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང༌། ཤངས་ཀྱི་སུམ་སྟོན་ཡེ་འབར། གཡག་སྡེའི་གཉན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། དགེ་བཤེས་ཇོ་ཕུར། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། ལྕེ་བློ་ལྡན་སེང་གེ །འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ༈ གཉིས་པ་ལ་དེ་ཉིད་བསྡུས་པའི་ཆ་མཐུན་པའི་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པའི་རྒྱུད་ལས། སློབ་དཔོན་ཀུན་སྙིང་དཀྱིལ་འཁོར་བརྒྱ་བཅུ་རྩ་བཞིར་བཞེད། སློབ་དཔོན་པདྨ་བཛྲ་བདུན་ཅུ་རྩ་བརྒྱད་དུ་བཞེད་པ་ལས། དཔལ་མཆོག་རིགས་བསྡུས་སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་དང་ལྷན་ཐབས། ཀུན་མཁྱེན་བུའི་དཀྱིལ་ཆོག་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་འབྱུང་བ་ནས། གཞི་