R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 186
[A:186]དཀྱིལ་སྒོ་ཉིས་སྦྲག་ལ་སྒོ་བསྲུངས་འཁོར་ལོས་བསྒྱུར་བ་བརྒྱད། ནང་དཀྱིལ་དབུས་མར་རྡོ་རྗེ་སེམས་དཔའ་ལྷ་སོ་གསུམ། འཇིག་རྟེན་པ་ཞེ་བཞི། ཤར་མར་ཧཱུྃ་མཛད་ལྷ་དགུ། འཇིག་རྟེན་པ་ཞེ་གཉིས། མཚམས་མ་བཞི། མཚན་མ་བཞི་ཡང་ངོ༌། །ལྷོ་མར་ནམ་སྙིང་ལྷ་དགུ། མཚན་མ་བརྒྱད། ནུབ་མར་སྤྱན་རས་གཟིགས་ལྷ་
འདི་ལྷ་བཅུ་གསུམ་དང་མཚན་མ་བཞི་ཐང་
བཅུ་བདུན། བྱང་མར་རྡོ་རྗེ་ཁུ་ཚུར་ལྷ་བདུན། ཤར་ལྷོར་འཇམ་དཔལ་ལྷ་དགུ་མཚན་མ་བརྒྱད། ལྷོ་ནུབ་ནམ་མཁའ་མཛོད་ལྷ་བཅུ་གསུམ་མཚན་མ་བཞི། ནུབ་བྱང་རྡོ་རྗེ་འཁོར་ལོ་ལྷ་བཅུ་གསུམ། དེའི་གྲྭ་བཞིར་ཡང༌། ཤར་ལྷོར་ཞི་མདུང༌། ལྷོ་ནུབ་མིང་པོ། ནུབ་བྱང་སྲིང་མོ། བྱང་ཤར་ནག་ཆེན་རྣམས། ལྷ་གྲངས་གཞི་དཀྱིལ་གྱི་འཇིག་རྟེན་པ་ལྟ་བུ། བྱང་ཤར་གནོད་སྦྱིན་ལྷ་དགུ་མཚན་མ་བཅུ་གཉིས། གཞི་དཀྱིལ་ཕྱི་མའི་གྲྭ་བཞིའི་ལྷོར་ཞི་མདུང་གི་དཀྱིལ་འཁོར་དུ། དབང་ཕྱུག་ཆེན་པོ་ལྷ་སུམ་ཅུ་ཡི་གེ་དང་བཅས་པ། ལྷོ་ནུབ་མ་མོའི་དཀྱིལ་འཁོར་ལྷ་བཅུ་གསུམ། ནུབ་བྱང་མིང་པོ་གསུམ་ལྷ་བཅུ་གཅིག །བྱང་ཤར་སྲིང་མོའི་ལ་ལྷ་བཞི་མཚན་མ་བཞི་དང་བཅས་ཏེ་ཡོངས་སྒྲིལ་ལྷ་སུམ་བརྒྱ་དང་སུམ་ཅུ་སོ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བུའི་དཀྱིལ་ཆོག་ཆེན་མོ་དང༌། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་དང༌། རྗེ་ཐམས་ཅད་མཁྱེན་པ་ཆེན་པོས་བསྐུལ་ཏེ། སློབ་དཔོན་ཡེ་ཤེས་རྒྱ་མཚོས་མཛད་པའི་ལྷན་ཐབས་ལ་ཡང་བརྟེན་ནས་དབང་བསྐུར་བ་ཡང་དག་པར་ཐོབ་པའི་བརྒྱུད་པ་ནི། སྨད་ལུགས། བུདྡྷ་བཻ་རཽ་ཙ་ན་
སངས་རྒྱས་རྣམ་པར་སྣང་མཛད།
བཛྲ་པཱ་ཎི་
ཕྱག་ན་རྡོ་རྗེ།
ར་བི་ཤྲཱི་
ཉི་མའི་དཔལ།
བཛྲ་ཝརྨ་
རྡོ་རྗེ་གོ་ཆ།
ཨཱ་ནནྟ་གརྦྷ་
ཀུན་དགའ་སྙིང་པོ།
མཉྫུ་ཤྲཱི་བི་མ་ལ་ཀཱིརྟི་
འཇམ་དཔལ་དྲི་མེད་གྲགས་པ།
སུ་བྷུ་ཏི་པ་ལི་ཏ་
རབ་འབྱོར་བསྐྱངས།
ཤྲདྡྷ་ཀཱ་ར་ཝརྨ་
དད་བྱེད་གོ་ཆ།
ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སྐྱང་པོ་ཆོས་ཀྱི་བློ་གྲོས། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤྲུ་