R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 187
[A:187]སྟོན་འབར་ཐོག །རྩངས་ཡང་དག་རྡོ་རྗེ། རྩངས་སྨྲ་སེང༌། ལྕེ་ཇོ་མདོ། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད།
ནམ་མཁའ་དབང་ཕྱུག །ངག་དབང་གྲགས་པ་རྣམ་རྒྱལ།
བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། འཁྲུལ་ཞིག་བློ་གྲོས་ཐོགས་མེད། བླ་མ་བདེ་བ་ཅན་པ་མཁྱེན་རབ་རྣམ་རྒྱལ། བླ་མ་དགེ་འདུན་ལེགས་གྲུབ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། གར་ཐིག་དབྱངས་སོགས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་ཤཱཀྱའི་དགེ་སློང་རྣམ་རྒྱལ་བཀྲ་ཤིས།
རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །མཁན་ཆེན་ཆོས་དབང་རྒྱ་མཚོ། རྣལ་འབྱོར་བློ་གྲོས་དཔལ་ལྡན། རྣམ་གྲོང་ཡེ་ཤེས་རྣམ་རྒྱལ། འདུ་ཤེས་གསུམ་ལྡན་ཁྱབ་བདག་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཝ་གྀནྡྲ་ལའོ། །
དེས་བདག་གོ ༈ །ཡང༌། སྟོད་ལུགས་ནི། སངས་རྒྱས། བཛྲ་པཱ་ཎི། པྲ་ཀཱ་ཤ་ཙནྡྲ། རཱ་ཧུ་ལ་བྷ་དྲ། སློབ་དཔོན་ཀུན་སྙིང༌། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། དྷརྨྨ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། རྒྱ་ཡེ་ཤེས་ཚུལ་ཁྲིམས། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་དཀོན་མཆོག་གྲགས། བླ་མ་ཤཱཀྱ་འབུམ། བླ་མ་ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན་མན་གོང་བཞིན་ནོ། ། ༈ དཔལ་མཆོག་རྡོ་རྗེ་སེམས་དཔའ་དབུས་དཀྱིལ་རྡོ་རྗེ་འཆང་གི་རིགས། རྩ་བའི་ལྷ་སོ་གསུམ། ཕྱི་དཀྱིལ་འཇིག་རྟེན་པ་ཞེ་བཞི་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ངག་འདོན་ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་དང༌། ཀུན་མཁྱེན་བུའི་དཀྱིལ་ཆོག་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་ནས། སློབ་མའི་དབང་མེད་པའི་ལུགས་རྡོ་རྗེ་སློབ་དཔོན་གྱི་དབང་སོགས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། དེ་ལ་སློབ་མ་བཞི་སྟེ། སྒྲ་གཅན་འཛིན། སྭསྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི་དང་བཞི་ལ། སློབ་དཔོན་ཀུན་སྙིང་གིས་ཞུས། དེ་ལ་