[A:240]ལ་གསུང་ལ་དུང༌། རྫོང་བཙན་གྱི་རི་ལ་མགུལ་ལ་བུམ་པ། ཡུག་མའི་རི་ལ་ཐུགས་དཔལ་བེའུ། འཕན་དཀར་གྱི་རི་ལ་སྐུ་ལུས་རྒྱལ་མཚན། སྟོད་ལུང་བྲང་ཕུའི་སྤང་ལ་ཕྱག་ཞབས་འཁོར་ལོ་སྟེ། བཀྲ་ཤིས་པའི་རྟགས་བརྒྱད་ཚང་ཡོད་དོ།། གཞན་ཡང་གར་པའི་ཇོ་མོ་ཟེ་ཟེ་ལ་ལྕགས་ཀྱི་གཏེར་ཁ། ར་ག་བྲག་ལ་ཟངས་ཀྱི་གཏེར་ཁ། ལ་དོང་གི་བྲག་ལ་དངུལ་གྱི་གཏེར་ཁ། ལྕགས་ཁ་རིའི་བྲག་ལ་གསེར་གྱི་གཏེར་ཁ་ཡོད་དོ། །ཤར་ན་སྟག་སྐྱ་བོ་དགའ་མོ་གདོང་འོག་མ། ལྷོ་ན་གཡུ་འབྲུག་སྔོན་མོ་ཆུ། ནུབ་ན་བྱ་དམར་པོ་ཤུན་གྱི་བྲག་དམར་རྟེའུའི་གདོང་ཡིན། བྱང་ན་རུས་སྦལ་ནག་པོ་ཉང་བྲན་ཕ་བོང་ཁ་ཡིན། དེ་ལྟར་སྲིན་མོ་གན་རྐྱལ་དུ་ཉལ་བའི་ཡན་ལག་དང་ཉིང་ལག་རྣམས་ནོན་པར་བྱེད་པ་ལ། མི་འགྱུར་བའི་གཟེར་བཅུ་གཉིས་ཟེར་ཏེ། དེ་ཡང་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ནི། གཡོ་རུ་ན་ཁྲ་འབྲུག སྤུ་རུ་ན་ཀ་ཚལ། གཡས་རུ་གཙང་འཕྲང་གི་ལྷ་ཁང༌། གཙང་ན་གྲུམ་པ་རྒྱང་གི་ལྷ་ཁང༌། དེས་མ་ཐུབ་ན། ཡང་འདུལ་གྱི་ལྷ་ཁང་བཞི་བརྩིགས། ཀོང་པོ་བུ་ཆུའི་ལྷ་ཁང༌། འཁོན་མཐིང་གསེར་གྱི་ལྷ་ཁང༌། བྱམས་སྤྲིན་དགེ་རྒྱས་ཀྱི་ལྷ་ཁང༌། སྤྲ་དུན་ཙེའི་ལྷ་ཁང༌། དེས་མ་ཐུབ་ན། རུ་ནོན་གྱི་ལྷ་ཁང་བཞི་རྩིགས་ཤིག དེ་ཡང༌། ཁམས་སུ་ཀློང་ཐང་སྒྲོན་མ། བུམ་ཐང་སྐྱེར་ཆུའི་ལྷ་ཁང༌། མཚལ་རིགས་ཤེས་རབ་སྒྲོན་མའི་ལྷ་ཁང༌། ཚངས་པ་རླུང་ནོན་གྱི་ལྷ་ཁང༌། དེ་རྣམས་སྔོན་ལ་བཞེངས་ཤིག མ་གྲུབ་ནའང་ས་ཕུར་ཐོབ་ཅིག དེ་ལྟར་བྱས་ན། ཁྱོད་ཀྱིས་གཙུག་ལག་ཁང་བཞེངས་པ་ལ་འགལ་རྐྱེན་བར་ཆད་མེད་དོ། །གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ས་ཡུལ་འདི་སྲིན་མོའི་སྙིང་ཐོག་རང་དུ་འདུག གོང་གི་རྟེན་འབྲེལ་དེ་རྣམས་རིམ་