R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 278
[A:278]ངོ་༑ ༑དེ་ཡང་རང་གིས་མ་བྱས་པར་གཞན་བྱེད་དམ། རང་ལ་བསམ་དུ་མེད་པར་གཞན་ལ་མཚོན་དུ་རྙེད་དམ། རང་མ་རིག་པར་སེམས་ཅན་ཐུལ་ལམ། འདུ་འབྲལ་མེད་པར་བཙལ་བས་རྙེད་དམ། ཕྱིན་པ་མེད་པར་བསྡད་པས་ཟིན་ནམ། དངོས་པོ་མེད་པར་ལག་ཏུ་ལོན་ནམ། བསྟན་རྒྱུ་མེད་པར་མིག་གིས་མཐོང་ངམ། ད་ལྟ་ང་ལ་ཡོད་པའི་སྟེང་ལ་ཚོལ་ལམ། གསལ་བའི་སྟེང་ལ་ལྟའམ། གྲོལ་བའི་སྟེང་ལ་བཤིགས་སམ། དག་པའི་སྟེང་ལ་འཁྲུའམ། ངོམས་པའི་སྟེང་ལ་འཐུང་ངམ། འགྲང་པའི་སྟེང་ལ་ཟའམ། དྲོས་པའི་སྟེང་ལ་སྲེག་གམ། ཤེས་པའི་སྟེང་ལ་འཐམས་སམ། དེ་ལྟར་སེམས་ལ་རྒྱུ་རྐྱེན་བྲལ་བས་རྩོལ་སྒྲུབ་ཀྱི་བློ་དང་བྲལ་ཏེ། དངོས་མེད་ལ་གཉེན་པོས་བཅོས་སུ་འདུག་གམ། ལོང་མེད་ཀྱི་སྣང་བ་མ་ཐོས་པས། རྟག་ཆད་ཀྱི་སྣང་བ་རང་སར་དག གཉིས་འཛིན་རང་སར་གྲོལ་བས་རེ་དོགས་ཀྱི་མཐའ་སྤང༌། ཞེན་འཛིན་ནང་ནས་གྲོལ་བས་སྐྱེ་མེད་རང་ས་ཟིན། རྟོག་མེད་ནང་ནས་མཐོང་བས་དགྲ་བགེགས་རང་སར་ཐུལ་ལོ། །འོ་དེ་ལྟར་དུ་རིག་པ་རྒྱ་ཡན་གཉེན་པོ་མེད་པ་ལ་ཡེ་ཤེས་རང་སྣང་གི་སྤྱོད་པ་ཟེར་བ་ཡིན་ནོ། །རྟོག་མེད་རང་ལུགས་གནས་པ་ལ་སྤང་བླང་མེད་པ་ཟེར་བ་ཡིན་ནོ། །ཡེ་ཤེས་ནང་ནས་ཤར་བ་ལ་རྣམ་རྟོག་རང་གྲོལ་ཟེར་བ་ཡིན་ནོ། །ཡིན་མིན་བློ་ལས་འདས་པ་ལ་དགག་སྒྲུབ་བྲལ་བ་ཟེར་བ་ཡིན་ནོ། །འབད་རྩོལ་ངོས་ཟིན་པ་ལ་ཆོས་ཉིད་ཀློང་བརྡོལ་ཟེར་བ་ཡིན་ནོ། །ལྷུན་གྲུབ་སྐྱེ་བ་མེད་པ་ལ་འབྲས་བུ་རང་ཤར་ཟེར་བ་ཡིན་ནོ། །འོ་དེ་ལྟར་དུ་གོ་བ་དང་རྟོགས་པ་དུས་མཉམ། ཤེས་པ་དང་གྲོལ་བ་དུས་མཉམ། གསལ་བ་དང་མཐོང་བ་དུས་མཉམ། འབྱར་དང་རེག་པ་དུས་མཉམ། བརླན་པ་དང་གཤེར་བ་དུས་མཉམ། འོ་དེ་ལྟར་ཤེས་པའི་གང་ཟག་གིས། ལྟ་བ་