R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 280
[A:280]དང་འགྲོགས་ཀྱང་དེ་ལས་མེད། །སངས་རྒྱས་གཞན་དང་མཇལ་ཡང་དེ་བས་མེད། །ཅེས་ཆོས་སྐྱོང་བའི་རྒྱལ་པོས་དགོངས་པ་མངོན་དུ་ཕྱུང་བ་དང༌། དེ་ནས་དུས་དེ་ཉིད་དུ་ལྷ་སྲས་རྗེ་འབངས་ཐམས་ཅད་ཆོས་ཉིད་རང་ཤར་རང་གྲོལ་ཆེན་པོའི་གླིང་དུ་འབད་པ་དང་རྩོལ་བ་མེད་པར་གྲོལ་ལོ། །དུས་དེ་ཉིད་དུ་བདེ་སྡུག་ལ་སྤང་བླང་མེད། འཁོར་འདས་ལ་བཟང་ངན་མེད། འདི་ཕྱི་ལ་གདམས་ཁ་མེད་པར་འཕགས་པ་རྣམས་ཀྱི་ཞལ་མཐོང་བྱ་མཐོང་བྱེད་མེད་པར་མི་ལ་མིས་བལྟ་བ་བཞིན་གཟིགས་སོ། །དེ་ལྟར་མི་ཐམས་ཅད་རིག་པ་རང་ཤར་རང་གྲོལ་གྱི་དགོངས་པ་ལ། བཞག་བྱ་དང་བཞག་བྱེད་མེད་པར་བྱས་པར་གྱུར་ཏོ། །དེ་ནས་ལྷ་སྲས་རྗེ་འབངས་ཐམས་ཅད་རྗེས་སུ་ཡི་རངས་ཏེ་ཕྱི་ནང་གི་མཆོད་པ་རྒྱ་ཆེན་པོས་ཡབ་རྒྱལ་པོ་མཉེས་པར་མཛད་ནས་ཤིན་ཏུ་དྲིན་གཟོའོ། །དེ་ནས་ཡང་དར་གཅིག་ཡབ་རྒྱལ་པོ་ཉིད་དགོངས་པ་ལ་བཞུགས་ནས་ཅི་ཡང་མི་གསུང་བར། སྤྱན་བར་སྣང་ལ་ཁྲོལ་ཁྲོལ་མཛད་ནས་འདི་སྐད་གསུངས་སོ། །ཨག་སམ་རྒྱལ་སྲས་ཆེན་པོ་གསོན་ཅིག །ལན་ཅིག་དུས་ཀྱི་ཐ་མ་ལ། །ང་ཡི་ལྷ་སའི་གནས་གཞི་འདི། །ཉ་འདྲ་སྦལ་འདྲ་འཇོང་འདྲ་སྤྲེལ་ཡང་འདྲ། །རིམ་པ་བཞིན་དུ་ཆུ་ཡིས་གཅོད་པར་བྱེད། །ཉ་འདྲ་རྒྱལ་བ་ཡུམ་གྱི་རང་བཞིན་ཡིན། །རས་རིས་ཕྱོགས་བཅུའི་སངས་རྒྱས་དངོས་དང་འདྲ། །རྒྱལ་བས་རྒྱལ་བའི་ཞབས་ཏོག་མཛད་པ་ཡིན། །ཉ་འདྲ་ཁ་རུ་དེ་དག་སུ་ཡོད་པ། །རྒྱལ་བའི་ཡུམ་ལ་རེག་དང་ཁྱད་པར་མེད། །དེ་ཡང་སྔོན་དུ་སྦྱངས་པ་སོང་བ་ཡིན། །འཁོར་བའི་སྡུག་བསྔལ་མཐའ་རུ་ཕྱིན་པ་ཡིན། །འབད་པ་དོན་ཆེན་ཡིན་ནོ་བོད་འབངས་རྣམས། །རྡོ་བང་གསེག་མ་འཇིམ་པ་བྱ་སྒོང་ཙམ། །གང་ཞིག་དེ་ཡི་ཕྱོགས་སུ་སྤུང་བྱེད་པ། །སངས་རྒྱས་