[A:281]རྣམས་ལ་སྨན་པ་བྱས་པ་ཡིན། །དེ་ཡང་བདེ་བའི་ལམ་ལ་ཚུད་པ་ཡིན། །ང་ཡི་རིག་ཅན་རྣམས་ཀྱིས་བཀུར་བའི་ཚེ། །ཉ་འདྲའི་དུས་སུ་གཤོག་ལྟར་བསྒྲོན་པ་ཡིན། །སྦལ་འདྲའི་དུས་སུ་ཞྭ་ལྟར་བཀོན་པ་ཡིན། །འཇོང་འདྲའི་དུས་སུ་གདན་ ལྟར་འདིང་བ་ཡིན། །སྤྲེལ་འདྲའི་དུས་སུ་གཟུགས་སུ་གྱུར་ཙ་ན། །རྒྱ་ཆེན་མཆོད་པ་བཤམས་ནས་ནི། །མོས་གུས་གསོལ་འདེབས་གཅེས་པ་ཡིན། །དེ་ལྟར་བྱས་ནས་ཅུང་ཞིག་གནས་པར་འགྱུར། །ནང་གི་ལྷ་རྣམས་གསོས་ན་ཕྱི་ཡི་རག་ལ་ ཕན། །ཕྱི་ཡི་རག་རྣམས་གསོས་ན་ནང་གི་ལྷ་རྣམས་དགྱེས། །མཆོད་པ་བཤམས་ ཤིང་གསོལ་བ་བཏབ་བྱས་ན། །བོད་འབངས་བསམ་པ་ཐམས་ཅད་འགྲུབ་པར་ འགྱུར། །དུས་ཀྱི་ཐ་མ་སྡིག་སྤྱོད་མང་མོད་ཀྱང༌། །ང་ཡི་ལྷ་ས་མཐོང་ཐོས་རེག་པ་ཡི༑ ༑འགྲོ་བ་ཕལ་ཆེར་འཁོར་བའི་གནས་ནས་ཐར། །དེ་ཡང་འཕགས་པ་རྣམས་ཀྱི་ཐུགས་རྗེ་སྟེ། །ང་ཡི་བོད་འབངས་རྣམས་ཀྱི་བསོད་ནམས་ཡིན། །དེ་ཕྱིར་ང་ཡི་སྐྱབས་གནས་ཕོ་མོ་རྣམས། །རྩོལ་བ་མ་ཞེན་སྙིང་སྟོབས་བསྐྱེད་མཛོད་ལ། །ང་ཡི་ལྷ་ས་མཐོང་ཐོས་རེག་པར་མཛོད། །དེ་ཡང་ཐར་པའི་ལམ་ལ་བཙུག་པ་ཡིན། ། སྐྱོན་རྣམས་ཐམས་ཅད་སེལ་བར་འདོད་པ་དང༌། །ཡོན་ཏན་གང་ཞིག་བསྒྲུབ་པར་འདོད་པ་ཡི། །ང་ཡི་ལྷ་ས་ཞབས་ཏོག་མོས་བྱས་པས། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །ཇི་ལྟར་འདོད་པ་རྒྱལ་བ་རྣམས་ལ་ཞུས། །ཞེས་ཡབ་རྒྱལ་པོ་ཆེན་པོས་ལྷ་སྲས་ལ་བཀའ་སྩལ་པ། ལྷ་སྲས་ཆེན་པོ་པ། དུས་ལན་ཅིག་ལྷ་ས་ལ་ཆུས་ཉེན་ནས། གསོ་དགོས་པ་ཡོད་པར་འདུག་པས། དེའི་ཞིག་གསོས་ཀྱི་ཐེབ་ལ། གསེར་དངུལ་ལ་སོགས་དཀོར་ནོར་རྣམས་གཏེར་དུ་སྦོས་ཤིག་གསུངས་པ་དང༌། དེ་ནས་ལྷ་སྲས་ཀྱིས་ཀྱང་ལྷ་སར་ཞབས་ཏོག་བྱ་ཐབས་