[A:297]སྣ་ནམ་བཟས་ཀྱང་རང་གི་ནུ་མ་ལ་eds: ༼འོ་མ་༽རང་བབས་ཀྱི་རྫས་བྱུག་སྟེ། ནུ་ཞོ་འོངས་པ་བྱས་ནས་བློན་པོ་རྣམས་ལ་བསྟན་པས། བློན་པོ་རྣམས་ཀྱང་ཐེ་ཚོམ་དུ་གྱུར་ནས་མ་ཤེས་སོ། །དེར་རྒྱ་མོའི་བུ་ཆུང་བཙུན་མོ་ཆེ་བས་ཕྲོགས་པས། དབང་ཤེད་མོས་ནི་མ་ཐུབ། བྱེད་ཐབས་མེད་པར་སོང་ངོ༌། །དེར་རྒྱ་མོའི་སེམས་ལ་ད་དེ་བུ་ཆུང་འདིས་ང་ལ་ཕན་པ་དཀའ། བོད་འདི་ཕུང་བའི་ལས་ཞིག་བྱེད་དགོས་བསམས་ནས་རིའི་དཔྱད་བལྟས་པས། རྒྱལ་པོའི་གདུང་རབས་ཆད་པའི་ཕྱིར། རྗེའི་བླ་རི་སེང་གེ་གནམ་དུ་མཆོང་བ་འདྲ་བའི་མགོ་ལ། མངལ་ཁྲག་གིས་འཁོར་ལོ་བྲིས་ནས་མཆོད་རྟེན་གྱིས་མནན། བློན་པོ་རིག་པ་ཅན་མི་འོང་བའི་ཕྱིར། བློན་པོའི་བླ་རི་ལ་ཁྲོ་ཆུས་སྣ་བཅད། སྟག་རི་སེང་རི་གཉིས་གཞུག་eds: ༼མཇུག༽མ་སྦྲེལ་བའང་བཅད། མུ་གེ་འོང་བའི་ཕྱིར། ཡར་ལུང་མེ་སྣའི་རི་འབྲས་ཀྱི་ལྗང་པ་འདྲ་བའི་རྩ་བ་བཅད། བོད་དུ་མཛེ་འོང་བའི་ཕྱིར། མང་མཁར་གྱི་རི་ཁྱུང་ཆེན་གནམ་ལ་ལྡིང་བ་འདྲ་བའི་མཆུ་བཅད་དོ། །དེ་རྣམས་ཟིན་པ་དང༌། སྲས་ཀྱིས་ལོ་འཁོར་ཏེ༑ ཞབས་འཛུགས་ཀྱི་དགའ་སྟོན་ལ། བཙུན་མོ་གཉིས་པོའི་ཕ་མིང་རྒྱ་དང་སྣ་ནམ་ནས་བོས་སོ། །དེར་སྣ་ནམ་པ་རྣམས་ཀྱིས་བུ་ཆུང་དགའ་བར་བྱེད་པའི་ཡོ་བྱད། རྒྱན་དང༌། གོས་དང༌། མེ་ཏོག་གི་ཕྲེང་བ་རྣམས་ཁྱེར་འོངས་སོ། །དེར་རྒྱ་དང༌། སྣ་ནམ་གཉིས་ནས། བཙུན་མོ་གཉིས་པོའི་ཕ་མིང་རྣམས་བོད་དུ་སླེབས་སོ༑ ༑དེར་རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་གསེར་ཁྲིའི་སྟེང་དུ་གུང་ལ་བཞུགས། གཡས་ན་སྣ་ནམ་པ་རྣམས་ཀྱིས་བསྡད། གཡོན་ན་རྒྱ་རྣམས་ཀྱིས་བསྡད། དེར་ཡབ་རྒྱལ་པོས་སྲས་རྒྱན་དུ་མས་བརྒྱན་ཏེ། གསེར་སྐྱོགས་འབྲས་ཆང་གིས་གང་བ་སྲས་ཀྱི་ལག་ཏུ་གཏད་ནས། ཡབ་ན་རེ། མ་གཉིས་ལས་སྐྱེས་པའི་བུ་གཅིག་